འཛམ་གླིང་སྟེང་གི་ཆེས་མཐའ་མའི་བསེ་རུ་ཕོའི་རྭ་ཅོ་བྲེགས་ཏེ་དུས་ཚོད་24ཡི་ཡི་རིང་སྲུང་སྐྱོབ་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-16


            འཛམ་གླིང་སྟེང་གི་ཆེས་མཐའ་མའི་བསེ་རུ་དཀར་པོ་ཕོའི་རྭ་ཅོ་དྲེགས་ཤིང་དུས་ཚོད་24ཡི་རིང་སྲུང་སྐྱོབ་བྱས། སྲུང་སྐྱོབ་བྱེད་མཁན་ནི་དྲག་ཆས་སྤྲས་བའི་ཉེན་རྟོག་པ་རེད། འདི་འདྲའི་བྱེད་སྟངས་སྤྱད་པ་ནི་རིགས་རྒྱུད་ཆད་ལ་ཉེ་བའི་སྲོག་ཆགས་འདིའི་རིགས་འཇིག་ཉེན་ལས་སྐྱོབ་པའི་ཆེད་ཡིན། བསེ་རུའི་རྭ་ཡི་རིན་གོང་བསྟུད་མར་ཡར་འཕར་བའི་རྐྱེན་གྱིས། ཆེས་མཐའ་མའི་བསེ་རུ་ཕོ་འདིའང་དུས་དང་རྣམ་པ་ཀུན་ལ་རྐུ་གསོད་བྱེད་པའི་ཉེན་ཁར་འཕྲད་ཡོད། ད་ལྟ་བསེ་རུ་འདིའི་རྭ་ཅོ་དྲེགས་ཡོད་ནའང་ཁེན་ནི་ཡའི་འབྲེལ་ཡོད་ལས་བྱེད་མི་སྣས་སྔར་བཞིན་ཁོང་གི་བདེ་འཇགས་ལ་སེམས་ཁུར་བྱེད། པར་རིས་ནི་དྲག་ཆས་མི་སྣས་མེ་མདའ་བཟུང་སྟེ་བསེ་རུ་ཕོ་དེ་སྲུང་སྐྱོབ་བྱེད་བཞིན་པའི་རྣམ་པ་རེད།

བསེ་རུ་ཕོ་དེའི་ཚེ་སྲོག་སྲུང་སྐྱོབ་བྱེད་ཆེད་རྭ་ཅོ་དྲེགས་ཟིན། ཡིན་ཡང་ཁེན་ནི་ཡའི་ཕྱོགས་ནས་འདི་འདྲའི་བདག་སྐྱོང་གི་རྣམ་པས་ཁོང་གི་བདེ་འཇགས་སྲུང་དཀའ་བར་འདོད་དེ། ད་ལྟ་ཁེན་ནི་ཡ་ནས་ཆེ་ཁུ་ལ་བསྐྱལ་ཏེ་བདག་སྐྱོང་བྱས།

 

མི་རྣམས་ཀྱིས་བསེ་རུར་གཟན་སྟེར་བཞིན་པ། ཁོང་གི་དུས་ཚོད་མང་པོ་ཞིག་གཟན་ཟ་བའི་ཁྲོད་འདས་པ་རེད།

 

དྲག་ཆས་མི་སྣ་འདི་དག་གིས་བསེ་རུ་སྲུང་སྐྱོབ་བྱེད་པའི་སྐབས་ལ་འཇིགས་སྐུལ་ཆེན་པོ་དང་འཕྲད་ཡོད། རྔོན་རྐུན་ཚོས་ཁེ་ཕན་གྱི་ཆེད་དུ་ཁོ་ཚོར་ཡང་འཇབ་རྒོལ་བྱེད་སྲིད།

 

བསེ་རུ་དཀར་པོ་འདི་ད་ལྟ་ལོ་23སོན་ཡོད། ཁོ་ཕལ་ཆེར་ལོ་50ལ་གསོན་ཐུབ། རྗེས་སུ་ལྷག་པའི་ལོ་ཁ་ཤས་འདི་ནི་སྲོག་ཆགས་འདིའི་རིགས་སྲུང་སྐྱོབ་བྱེད་པའི་ཆེས་མཐའ་མའི་གོ་སྐབས་ཡིན། བསེ་རུ་འདི་ནི་2009ལོར་བསེ་རུ་དཀར་པོ་མོ་གཉིས་དང་ལྷན་དུ་ཆེ་ཁུའི་རི་དྭགས་གླིང་ག་འདིར་བསྐྱལ་བ་རེད།

 

མི་ཚོས་སྔོན་ཆད་བསེ་རུ་འདི་དག་གིས་རིགས་རྒྱུད་སྐྱེ་འཕེལ་བྱེད་པའི་རེ་བ་བཅངས། ཡིན་ཡང་བསེ་རུ་ཕོ་གཅིག་ན་ནིང་ལོ་ཤི་བས་ཚོད་ལྟ་རྡུལ་དུ་བརླག མིག་སྔར་འཛམ་གླིང་སྟེང་བསེ་རུ་དཀར་པོ་5མ་གཏོགས་མེད། དེའི་ཁྲོད་གཅིག་ནི་ཕོ་ཡིན། བསེ་རུ་5ལས་ཁེན་ནི་ཡ་རུ་འཚོ་བའི་བས་རུ་དེ་3གྱི་འཚོ་གནས་ལ་ཉེན་ཁ་ལྷག་ཏུ་ཆེ།

 

བསེ་རུར་ཕྱི་རོལ་དུ་མིའི་རིགས་ལས་གཞན་དགྲ་བོ་གང་ཡང་མེད།

 

མི་ཚོས་སྔོན་ཆད་བསེ་རུ་དཀར་པོ་ཕོ་མོ་འདི་ཚོས་རིགས་རྒྱུད་སྐྱེ་འཕེལ་བྱེད་པ་དང་། མ་འོངས་པའི་ལོ་10ཡི་རིང་གྲངས་ཀ་30ལྷག་འཕེལ་བར་བྱེད་པའི་རེ་བ་བཅངས། ཡིན་ཡང་ཚོད་ལྟ་དེ་ཧ་ལམ་ཕམ་པར་བཏང་། རྒྱུ་མཚན་བསེ་རུ་ཕོ་འདི་ལོ་ན་བགྲེས་པོར་ཆགས་ཡོད།

 

ད་ལྟ་བསེ་རུའི་རྭ་ཡི་རིན་གོང་ནི་སྤྱི་རྒྱ་རེར་དབྱིན་སྒོར་ཁྲི་4ནས་ཁྲི་4དང་སྟོང་7བར་ཡིན། དེ་སྲུང་སྐྱོབ་བྱེད་པའི་འགྲོ་སོང་ཡང་ཤིན་ཏུ་ཆེ། མི་40ལས་གྲུབ་པའི་སྲུང་སྐྱོབ་རུ་ཁག་གིས་ལོ་ཕྱེད་རིང་འགྲོ་སོང་དབྱིན་སྒོར་ཁྲི་5དང་སྟོང་7བཏང་། འགྲོ་སོང་འདི་དག་ནི་སྤྱིར་བཏང་ཁེན་ནི་ཡའི་ཡུལ་སྐོར་ཡོང་འབབ་ནས་སྤྲད་པ་རེད། ཡིན་ཡང་ཉེ་ཆར་ཨེ་བྷོ་ར་ནད་དུག་གི་ཤུགས་རྐྱེན་གྱིས་ཁེན་ནི་ཡའི་ཡུལ་སྐོར་ཡོང་འབབ་མངོན་གསལ་གྱིས་མར་འགྲིབ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1