ས་མཐོའི་ཐབ་ཆས་གསར་པ་ཐོན་སྐྱེད་བྱེད་འགོ་ཚུགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 12-08


        བོད་ཀྱི་ས་བབ་མཐོ་ཞིང་རླུང་གནོན་དམའ་བས་མི་དམངས་མང་ཚོགས་ལ་ས་མཐོའི་ཁུལ་དང་འཚམ་པའི་བྱེད་ནུས་མང་བའི་ཐབ་ཆས་དགོས་མཁོ་ཧ་ཅང་ཆེན་པོ་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མང་ཚོགས་འཚོ་བའི་ནང་གི་དོན་ཆུང་དེ་དམངས་འཚོའི་ལས་དོན་གྱི་དོན་ཆེན་ལ་བརྩིས་ཏེ་དམ་འཛིན་བྱས་ནས། ས་མཐོར་འཚམ་པའི་ཐབ་ཆས་གསར་པ་ཞིབ་འཇུག་གསར་སྤེལ་དང་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད། ཉེ་ཆར་བོད་ལྗོངས་ས་མཐོའི་ཁུལ་གྱི་བྱེད་ནུས་མང་བའི་ཐབ་ཆས་དངོས་སུ་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་། གཙོ་བོ་བཙའ་མི་ཆགས་པའི་ངར་ལྕགས་དང་ཐའེ་འདྲེས་ལྕགས་རྒྱུ་ལས་གྲུབ་པའི་རླངས་རྡིག་དང་སྐོལ་ཆས་སོགས་བྱེད་ནུས་མང་བའི་ཐོན་རྫས་ཐོན་སྐྱེད་བྱེད་ཀྱི་ཡོད།

འདི་ནི་བོད་ལྗོངས་ཧྲང་ཁྲུའུ་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་དོན་མི་སྣས་ཐོན་སྐྱེད་འཁོར་ཁང་དུ་ལས་ཀ་བྱེད་བཞིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1