ལྷ་མོ་ཟློས་གར་གྱི་རྒྱུན་འཛིན་དང་དར་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-15


        ངག་རྒྱུན་དུ་ཟློས་གར་གསར་གཏོད་པ་ཐང་སྟོང་རྒྱལ་པོས་ཞལ་འདེབས་བསྡུས་ནས་ཟམ་པ་བཞེངས་སྐབས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་བཀྲ་ཤིས་མཆོད་རྟེན་བརྒྱུད་པ་དང་། དེར་ཡར་ལུང་བཀྲ་ཤིས་ཞོལ་པའི་ཟློས་གར་བརྩམས་པ་རེད། ལོ་600ལྷག་ཙམ་རིང་། ཡར་ཀླུང་བཀྲ་ཤིས་ཞོལ་པའི་ཟློས་གར་དེ་ས་གཞི་དེའི་ཐོག་རྒྱུན་ཆད་མྱོང་མེད་པ་དང་། 2006ལོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་དང་པོའི་ནང་བཅུག་ཡོད།

        ད་ཆ་བཀྲ་ཤིས་མཆོད་རྟེན་ལ“ཟློས་གར་གྱི་གྲོང་ཚོ་དང་པོ”ཞེས་བརྗོད་ཀྱི་ཡོད་པས། ཡར་ཀླུང་བཀྲ་ཤིས་ཞོལ་པའི་ཟློས་གར་རྒྱུན་འཛིན་དང་དར་སྤེལ་བཏང་བ་མ་ཟད། ད་དུང་དམངས་ཤག་་ཡུལ་སྐོར་དང་ཟུང་འབྲེལ་བྱས་ནས་ཐུན་མོང་མ་ཡིན་པའི་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་ཡོད།





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1