གངས་ལྗོངས་ཉི་གཞོན་དུས་དེབ་ཀྱི“ཚོགས་ཆེན་ཉི་ཤུ་པའི་ཆེད་བསྒྲིགས”ལ་དགའ་བསུ་ཐོབ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-20


        ཉེ་ཆར། ཏང་གི་ཚོགས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཏང་གི་ཚོགས་ཉི་ཤུ་པའི་དགོངས་དོན་བོད་འབྲེལ་ས་ཁུལ་དུ་རྩ་བ་ཚུགས་ནས་ལོ་འདབ་རྒྱས་ཏེ་འབྲས་བུ་སྨིན་ཆེད། སི་ཁྲོན་ཏང་གི་འཛུགས་སྐྲུན་དུས་དེབ་ཁང་གི་གངས་ལྗོངས་ཉི་གཞོན་དང་། སི་ཁྲོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན། ཁྲེང་ཏུའུ་གྲོང་ཨུའི་རྩ་འཛུགས་པུའུ་བཅས་ཀྱིས་མཉམ་དུ་བོད་ཡིག་ཏང་དེབ་གཞི་རིམ་དུ་སྐྱེལ་བའི་བྱེད་སྒོ་སྤེལ་བ་རེད། སི་ཁྲོན་ཏང་གི་འཛུགས་སྐྲུན་གྱི་བོད་ཡིག་དུས་དེབ་གངས་ལྗོངས་ཉི་གཞོན་གྱིས“ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཆེད་བསྒྲིགས”དེབ་ཁྲི་4.5ཆེད་དུ་དཔར་ནས་རིན་མེད་ངང་དཀར་མཛེས་དང་རྔ་བ། ལིའང་ཧྲན་དམུ་ལི་སོགས་རང་རེའི་ཞིང་ཆེན་གྱི་བོད་འབྲེལ་ཁུལ་གསུམ་གྱི་རྫོང་ཁག་32ཀྱི་གཞི་རིམ་ཏང་རྩ་འཛུགས། དེ་མིན་རྒྱལ་ཁབ་ལས་ཁུངས་དང་ལས་དོན་སྡེ་ཚན་ཁག །སློབ་གྲྭ། དགོན་སྡེ་ལ་ཕུལ་བ་རེད། བོད་འབྲེལ་ཁུལ་དང་རྫོང་གི་ལས་བྱེད་མང་ཚོགས་དང་ཁྲེང་ཏུའུ་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་ལས་དོན་རུ་ཁག་སོ་སོས་དཔེ་དེབ་འབུལ་བའི་བྱེད་སྒོ་ལ་དགའ་བསུ་དང་བཀའ་དྲིན་ཞུས། ལས་བྱེད་མང་ཚོགས་དང་། སློབ་མ། གྲྭ་བཙུན་གང་མང་གིས་དཔེ་དེབ་བཀླགས་པ་དང་འདྲ་པར་ལ་བལྟས་པའི་མྱོང་ཚོར་གླེང་སྐབས། ཁོང་རྣམ་པས་བོད་ཡིག་ཏང་དེབ“ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཆེད་བསྒྲིགས”ནི་ནང་དོན་ཕུན་སུམ་ཚོགས་ཤིང་། རྣམ་པ་མཛེས་ཉམས་ལྡན་པས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་རྒྱུས་ལོན་བྱེད་པའི་འབྲེལ་ལམ་གཙོ་བོའམ་ལས་ཀའི་ལག་དེབ་གཙོ་བོ་ཞིག་ཡིན་པར་བརྗོད།





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1