ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་འགོ་ཁྲིད་དཔུང་སྡེ་གསར་པ་བདམས་ཐོན་བྱུང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-28


  མཇུག་སྒྲིལ་ཚོགས་འདུའི་ཡུལ་དངོས།

 

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་མཛད་སྒོའི་ཐོག་གསུང་བཤད་གནང་།

མཇུག་སྒྲིལ་ཚོགས་འདུའི་ཡུལ་དངོས།

             ཉེ་ཆར། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་དགུ་པ་མཇུག་སྒྲིལ་བའི་མཛད་སྒོ་པེ་ཅིང་གི་ཅིང་ཞི་མགྲོན་ཁང་དུ་སྤེལ། ཉིན་གསུམ་རིང་གི་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དེ་ཟླ་4པའི་ཚེས་21ཉིན་པེ་ཅིང་ནས་མཇུག་བསྡུས། གྲོས་ཚོགས་ཀྱིས་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་ཚུན་གྱི་ལས་དོན་ལ་ཕྱོགས་བསྡོམས་དང་། མིག་སྔར་དང་ཕྱིས་འབྱུང་གི་དུས་སྐབས་ཤིག་ལ་གདོང་ཕྱོགས་དགོས་པའི་གནས་བབ་དང་འོས་འགན་ལ་དབྱེ་ཞིབ་གཏིང་ཟབ་གནང་བ་དང་། ཕྱིས་འབྱུང་གི་ལོ་ལྔའི་ནང་གི་ལས་ཀ་གཙོ་བོར་ཞིབ་འཇུག་བགྱིས་ཏེ་བཀོད་སྒྲིག་གནང་། དེ་མིན་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་ལས་དོན་སྙན་ཞུ་དང་《ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་སྒྲིག་ཡིག(བཟོ་བཅོས་བྱ་རྒྱུའི་གྲོས་གཞི་བཏོན།)》ལ་གྲོས་འཆམ་བྱུང་།

              མཇུག་སྒྲིལ་མཛད་སྒོའི་ཐོག་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཟུར་པའམ་ཆོས་དཔོན་ཙུང་ཞིན་ལགས་ཀྱིས་གཙོ་སྐྱོང་གནང་ཞིང་། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོའམ་ཆོས་དཔོན་ཞའོ་ཁྲེང་། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱི་ཅུས་ཀྲང་ཟུར་པ་ཅང་ཅིན་ཡུང་བཅས་ཀྱིས་མཇུག་སྒྲིལ་མཛད་སྒོར་གསུང་བཤད་གནང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1