ལྗོངས་ཞིང་ལྔའི་བོད་ཡིག་བསླབ་དེབ་བསྒྱུར་སྒྲིག་དང་དཔེ་སྐྲུན་གྱི་ལས་ཀའི་བཞུགས་མོལ་གྲོས་ཚོགས་ཁྲེན་ཏུའུ་རུ་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-28


བཞུགས་མོལ་གྲོས་ཚོགས་ཀྱི་ཡུལ་དངོས།

           སྤྱི་ཟླ་4པའི་ཚེས་17ཉིན། བོད་ལྗོངས་དང་མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན་བཅས་ལྗོངས་ཞིང་ལྔའི་བོད་ཡིག་བསླབ་དེབ་བསྒྱུར་སྒྲིག་དང་དཔེ་སྐྲུན་ལས་ཀ་སྔར་ལས་ཇེ་ལེགས་སུ་གཏང་བ་དང་། བོད་ཡིག་བསླབ་དེབ་བསྒྱུར་སྒྲིག་དང་དཔེ་སྐྲུན་གྱི་སྒྲིག་གཞི་དང་ནང་རྐྱེན་འཛུགས་རྒྱུ་མ་ཟད། བཅོས་བསྒྱུར་གཏིང་ཟབ་གཏང་ཆེད། ལྗོངས་ཞིང་ལྔའི་བོད་ཡིག་སློབ་གསོ་མཉམ་ལས་འགོ་ཁྲིད་ཚོ་ཆུང་གི་གཞུང་ལས་ཁང་གིས་གཙོ་སྒྲུབ་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱིས་སྒྲུབ་འགན་འཁུར་བའི་ལྗོངས་ཞིང་ལྔའི་བོད་ཡིག་བསླབ་དེབ་བསྒྱུར་སྒྲིག་དང་དཔེ་སྐྲུན་གྱི་ལས་ཀའི་བཞུགས་མོལ་གྲོས་ཚོགས་ཁྲེན་ཏུའུ་རུ་འཚོགས།

            ཐེངས་འདིའི་གྲོས་ཚོགས་སུ། བོད་ཡིག་གི་《ཡིག་གཟུགས།》བསླབ་དེབ་ཀྱི་བསྒྱུར་སྒྲིག་དང་དཔེ་སྐྲུན་སོགས་ཀྱི་འབྲེལ་ཡོད་ལས་ཀར་གྲོས་ཞིབ་དང་ཐག་གཅོད་བྱས་པར་མ་ཟད། དཔེ་སྐྲུན་བྱས་ཟིན་པའི་མཐོ་འབྲིང་གི་བོད་ཡིག་གི་སྦྱང་གཞིའི་ལྷན་ཐབས་རིགས་44ལྷག་གི་བསྒྱུར་སྒྲིག་ལས་ཀར་ཕྱོགས་བསྡོམས་བྱས་ཡོད། དེ་མིན་ད་རུང་དཔེ་སྐྲུན་བྱས་མེད་པའི་བོད་ཡིག་གི་སྦྱང་གཞིའི་ལྷན་ཐབས་རིགས་18ལྷག་གི་བསྒྱུར་སྒྲིག་ལས་ཀར་བཀོད་སྒྲིག་བྱས་ཡོད། སྔར་ལས་ལྷག་པའི་སྒོ་ནས་ལོ་དགུའི་འོས་འགན་སློབ་གསོའི་དུས་རིམ་གཙོ་བོ་ཁག་གི་སློབ་ཁྲིད་ཀྱི་ལྷན་ཐབས་དང་བསྒྱུར་སྒྲིག་ལས་ཀའི་འགན་འཁྲི་དོན་འཁྱོལ་བྱས་ཡོད། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1