དུས་རབས་གསར་པར་བཀའ་དྲིན་ཚོར། རྒྱང་ལམ་གསར་པར་འབད་འབུངས་བྱེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་རེའི་ཚགས་པར། སྤེལ་དུས། 12-23


        ཉིན་ཤས་གོང་། ལྷོ་བྲག་རྫོང་གིས“ཚོགས་ཆེན་ཉི་ཤུ་སློབ་སྦྱོང་ལག་བསྟར་བྱེད། དྲིན་ཚོར་འབད་འབུངས་དུས་རབས་གསར་པར་སྐྱོད”ཅེས་པའི་ནང་གསེས“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་སེམས་མཐུན་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པའི”ཤེས་དཔལ་ལག་ལེན་བྱེད་སྒོ་སྤེལ་བ་རེད། བྱེད་སྒོར་ཞུགས་མཁན་ལས་བྱེད་པ་དང་མང་ཚོགས་ཚོས་རྫོང་མི་རིགས་མཐུན་སྒྲིལ་ཐང་ཆེན་དང་། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་འགྲེམས་སྟོན། བོད་གསར་རྙིང་བསྡུར་བའི་འགྲེམས་སྟོན་སོགས་ལ་ལྟ་སྐོར་བྱས་པ་བརྒྱུད། དུས་རབས་གསར་པར་བཀའ་དྲིན་ཚོར་བ་དང་རྒྱང་ལམ་གསར་པར་འབད་འབུངས་བྱེད་པའི་ཡིད་ཆེས་དང་ཆོད་སེམས་ཆེ་རུ་ཕྱིན་ཡོད་ཅིང་། འདི་ནི་དང་བླངས་པས་ལྟ་སྐོར་མི་སྣར་ལྷོ་བྲག་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱི་ལས་དོན་སྤེལ་ཚུལ་ངོ་སྤྲོད་བྱེད་བཞིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1