པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོས་གནོད་ཐེབས་ས་ཁུལ་ལ་གསོལ་འདེབས་ཞུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-29


པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ།

         པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོས་བལ་བོ་རུ་ཚད་རིམ་8.1ཅན་གྱི་ས་འགུལ་དྲག་པོ་བྱུང་སྟེ་མི་མང་པོར་ཤི་རྨས་ཐེབས་པ་དང་། བལ་བོ་དང་ཐག་ཉེ་བའི་བོད་ལྗོངས་གཞིས་རྩེ་རུའང་ས་འགུལ་གྱི་གནོད་འཚེ་ཆེན་པོ་ཐེབས་པ་ཐོས་པས། ཐུགས་སེམས་རབ་ཏུ་སྐྱོ་བ་དང་། ཚེས་26ཉིན་པཎ་ཆེན་རིན་པོ་ཆེས་ཆེད་དུ་འདས་པོ་རྣམས་བདེ་འགྲོར་སྐྱེས་ཤིང་གསོན་པོ་རྣམས་སྡུག་བསྔལ་དང་བྲལ་བའི་སྨོན་ལམ་བརྒྱབས།

པཎ་ཆེན་རིན་པོ་ཆེའི་གསོལ་འདེབས།

         བལ་བོ་དང་བོད་ལྗོངས་གཞིས་རྩེ་རུ་ས་འགུལ་ཆེན་པོའི་གནོད་འཚེ་ཐེབས་ཏེ། མི་མང་པོའི་ཚེ་སྲོག་དང་ཁྱིམ་གཞིས་བརླགས་པ་ཐོས་པས། ཐུགས་སེམས་རབ་ཏུ་སྐྱོ་བྱུང་། འདས་པོ་རྣམས་བདེ་འགྲོར་སྐྱེས་ཤིང་གསོན་པོ་རྣམས་སྡུག་བསྔལ་དང་བྲལ་བར་སྨོན། དཀོན་མཆོག་གསུམ་གྱིས་གནོད་ཐེབས་ས་ཁུལ་གྱི་འགྲོ་བ་སེམས་ཅན་ཐམས་ཅད་སྐྱབས་འོག་ནས་མི་འདོར་བར་མྱུར་དུ་གནོད་འཚེའི་གྲིབ་མ་ལས་ཐར་ཅིང་། ནང་སེམས་དང་ཕྱིའི་ཁྱིམ་གཞིས་སླར་གསོ་ཡོང་བའི་སྨོན་ལམ་འདེབས། ཨོཾ་མ་ཎི་པདྨེ་ཧཱུཾ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1