གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༤ཚེས་༢༩ཉིན།

མཚོ་སྔོན་ཡུལ་ཤུལ་མང་ཚོགས་ཀྱིས་བལ་བོའི་ས་འགུལ་ཁྲོད་རྐྱེན་ལམ་དུ་ཤོར་བའི་འདས་པོ་ཚོར་མཆོད་མེ་སྒྲོན་ནས་བསྔོ་སྨོན་ཞུས།

ཡུལ་ཤུལ་གྲོང་ཁྱེར་གྱི་སེར་སྐྱ་མང་ཚོགས་ཀྱིས་སྐྱེ་རྒུ་མདོ་དགོན་དུ་བལ་བོའི་ས་འགུལ་ཁྲོད་རྐྱེན་ལམ་དུ་ཤོར་བའི་འདས་པོ་ཚོར་གདུང་སེམས་མཉམ་བསྐྱེད་བྱེད་བཞིན་པ།


             ཟླ་4པའི་ཚེས་28ཉིན་གྱི་དགོང་མོར། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་གྲོང་ཁྱེར་གྱི་སེར་སྐྱ་མང་ཚོགས་ཀྱིས་སྐྱེ་རྒུ་མདོ་དགོན་དུ་བལ་བོའི་ས་འགུལ་ཁྲོད་རྐྱེན་ལམ་དུ་ཤོར་བའི་འདས་པོ་ཚོར་མཆོད་མེ་སྒྲོན་པ་དང་། སྨོན་ལམ་བཏབས་ནས་གསོལ་འདེབས་བྱས། ལོ་ལྔའི་སྔོན་ལ། ཡུལ་ཤུལ་དམངས་ཚོགས་ཀྱིས་ཚད་རིམ་7.1ཅན་གྱི་ས་འགུལ་བརྒྱུད་མྱོང་བས། རང་གི་ནང་མི་གཉེན་ཉེ་དང་ཁྱིམ་གཞིས་བརླག་པའི་སྡུག་བསྔལ་ལ་མྱོང་ཚོར་ཟབ་མོ་ཡོད། བལ་ཡུལ་དུ་ས་འགུལ་བྱུང་བའི་དགོང་མོ་དེར། ཡུལ་ཤུལ་གྱི་དམངས་ཚོགས་ཚང་མ་རང་འགུལ་གྱི་སྒོ་ནས་གེ་སར་ཐང་ཆེན་དུ་འཛོམས་ཤིང་། སྐྱེ་རྒུ་མདོ་དགོན་པ་དང་། སྡེ་བའི་མ་ཎི་རྡོ་ཕུང་གསར་པ་རུ་མཆོད་མེ་སྒྲོན་ཏེ་འདས་པོ་ཚོར་མྱ་ངན་ཞུས་ཤིང་། གསོན་པོ་དག་བདེ་འཚམས་ཡོང་བའི་སྨོན་ལམ་བཏབས། 


ཡུལ་ཤུལ་གྲོང་ཁྱེར་གྱི་སེར་སྐྱ་མང་ཚོགས་ཀྱིས་སྐྱེ་རྒུ་མདོ་དགོན་དུ་བལ་བོའི་ས་འགུལ་ཁྲོད་རྐྱེན་ལམ་དུ་ཤོར་བའི་འདས་པོ་ཚོར་གདུང་སེམས་མཉམ་བསྐྱེད་བྱེད་བཞིན་པ།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1