ཟླ1པོའི་ཚེས3ནས་བཟུང་ཕོ་བྲང་པོ་ཏ་ལར་རིན་མེད་སྒོས་ལྟ་སྐོར་བྱས་ཆོག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 01-05


ཡུལ་སྐོར་བས་ཕོ་བྲང་པོ་ཏ་ལ་ནས་པར་རྒྱག་པ།

        འཛམ་གླིང་ཤུལ་བཞག་རིག་གནས་ཕོ་བྲང་པོ་ཏ་ལ་ཡིས2023ལོའི་ཟླ1པོའི་ཚེས1ཉིན་བརྡ་ཐོ་བཏང་བ་ལྟར་ན། ཕོ་བྲང་པོ་ཏ་ལ་ཟླ1པོའི་ཚེས3ནས་བཟུང་ཕྱི་ཕྱོགས་སུ་སྒོ་འབྱེད་རྒྱུ་རེད། བོད་ལྗོངས་ཀྱི་སྐོར་ལྔ་བའི“དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་བྱེད་པའི”བྱ་འགུལ་གྱི་གཟིགས་སྐྱོང་སྲིད་ཇུས་ལྟར་ན། 2023ལོའི་ཟླ1པོའི་ཚེས1ནས་ཟླ3པའི་ཚེས15བར་ཕོ་བྲང་པོ་ཏ་ལ་ཡིས་རིན་མེད་སྒོས་ལྟ་སྐོར་བྱེད་པའི་སྲིད་ཇུས་ལག་བསྟར་བྱ་རྒྱུ་རེད། ཉིན་རའི་སྒོ་འབྱེད་པའི་དུས་ཚོད་ནི9:30ནས14:00བར་ཡིན།

        བརྡ་ཐོ་ནང་ཡུལ་སྐོར་བ་ཚོས་སྔོན་གྱི་ཉིན་གཅིག་ལ“པོ་ཏ་ལའི་པ་སེའི་མངག་ཉོ་མ་ལག”སྐད་འཕྲིན་འགྲོ་རིམ་བརྒྱུད་དེ་པ་སེ་ཉོས་ཆོག་ལ། པོ་ཏ་ལ་ལྟ་སྐོར་བྱེད་མཁན་ཚོས་ཁ་ཐུམ་རྒྱག་པ་དང་ལུས་དྲོད་འཇལ་ནས། བདེ་འཇགས་ཞིབ་བཤེར་བྱས་རྗེས་ད་གཟོད་ཕོ་བྲང་ནང་དུ་སོང་ཆོག་པ་མ་ཟད། མི་དང་མིའི་བར་སྨི་གཅིག་གི་བར་ཐག་འཇོག་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1