མཁའ་དབྱིངས་ནས་བླངས་པའི་བལ་ཡུལ་གྱི་ས་འགུལ་གནོད་འཚེ་ཚབས་ཆེན་ཕོག་ཁུལ་ཏེ་ཀ་ཏ་མན་ཏུ་རུ་ས་འགུལ་བྱུང་བའི་སྔ་རྗེས་ཀྱི་པར་རིས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-30


མཁའ་དབྱིངས་ནས་བླངས་པའི་བལ་ཡུལ་གྱི་ས་འགུལ་གནོད་འཚེ་ཚབས་ཆེན་ཕོག་ཁུལ་ཏེ་ཀ་ཏ་མན་ཏུ་རུ་ས་འགུལ་བྱུང་བའི་སྔ་རྗེས་ཀྱི་པར་རིས།

              ཀྲུང་གོའི་གསར་འགྱུར་དྲ་བ་ནས་གནས་ཚུལ་སྤེལ་དོན། སྤྱི་ཟླ་4པའི་ཚེས་28ཉིན། བལ་ཡུལ་ནང་སྲིད་པུའུ་ཡི་མགྲིན་ཚབ་པས། མིག་སྔར་བྱུང་བའི་ཚད་རིམ་8.1ཅན་གྱི་ས་འགུལ་དྲག་པོ་འདིའི་ཁྲོད་དུ་མི་གྲངས་4300ལྷག་རྐྱེན་འདས་སུ་སོང་བ་དང་། མི་གྲངས་8000ལྷག་ལ་རྨས་སྐྱོན་བཟོས་སོང་ཞེས་བཤད།

              བལ་ཡུལ་གྱི་མཐོ་རིམ་རང་བྱུང་གནོད་འཚེ་ཡི་དོ་དམ་དཔོན་པོ་ཏན་ཀར་གྱིས། མིག་སྔར་གནོད་ཐེབས་ཁུལ་དུ་རོགས་སྐྱོབ་བྱེད་བཞིན་པའི་སྒང་ཡིན་ལ། ད་རུང་ཡང་གྲོང་གསེབ་ཀྱི་ས་ཆ་མང་པོ་ཞིག་ཏུ། མྱུར་སྐྱོབ་བྱ་མ་ཐུབ་པའི་གནས་ཚུལ་ཡོད་སྲིད་པས། ང་ཚོས་གང་ཐུབ་ཅི་ནུས་ཀྱིས་གནོད་ཐེབས་ཁུལ་དུ་རོགས་སྐྱོར་བྱ་ངེས་ཡིན་ཞེས་བཤད།

              འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། ད་རེས་བལ་ཡུལ་གྱི་ས་འགུལ་དྲག་པོ་འདིའི་ཁྲོད་དུ་མི་གྲངས་ཁྲི་500ལྷག་གི་འཚོ་བར་ཤུགས་རྐྱེན་ཐེབས་ཡོད་པས། འཕྲོད་བསྟེན་རྩ་འཛུགས་ཀྱིས་དུས་ཐོག་ཏུ་མི་ཐེངས་ཁྲི་40ལྷག་ལ་མྱུར་སྐྱོབ་སྨན་རྫས་མཁོ་འདོན་དང་སྐྱོབ་རོགས་རྩ་འཛུགས་ཀྱིས་རོགས་དངུལ་སྒོར་ཁྲི་175ཕུལ་འདུག


གནམ་གྲུའི་ཐོག་ནས་པར་བླངས་པའི་ཀ་ཏ་མན་ཏུ་ཡི་གནོད་ཐེབས་ཁུལ་གྱི་རྣམ་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1