སི་ཁྲོན་དཀར་མཛེས་བོད་ཁུལ་གྱི་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་ཁྲུང་ཆིང་དུ་འཚོགས།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ། ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-30


དཀར་མཛེས་ཁུལ་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ།

            སྤྱི་ཟླ་4པའི་ཚེས་29ཉིན། གསར་འགོད་པས་སི་ཁྲོན་དཀར་མཛེས་བོད་ཁུལ་གྱི་ཡུལ་སྐོར་འོས་སྦྱོར་ཚོགས་འདུའི་ཐོག་གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། སི་ཁྲོན་མཁའ་འགྲུལ་སྤྱི་གཉེར་ཁང་གིས་ཁྲུང་ཆིང་ནས་འདབ་པའི་ཉི་སྟེང་དང་། དར་མདོའི་མཁའ་འགྲུལ་ལམ་ཐིག་གསར་པ་ཤར་གཏོང་བྱས་ཏེ། ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་སྐུ་མགྲོན་རྣམས་ལ་སྟབས་བདེའི་འགྲིམ་འགྲུལ་མཁོ་འདོན་བྱ་རྒྱུ་རེད།

           དཀར་མཛེས་ནི་དར་མདོའི་མཛའ་གཞས་ཀྱི་ཞིང་ཁམས་དང་། ཁམས་པའི་རིག་གནས་ཀྱི་འབྱུང་ཁུངས། གླིང་རྗེ་གེ་སར་རྒྱལ་བོའི་ཕ་ས་བཅས་ཡིན་ལ། 《ཀྲུང་གོའི་རྒྱལ་ཁབ་ས་རྒྱུས།》ཀྱིས་གསར་སྤེལ་བྱས་པའི་ཀྲུང་གོའི་ཡུལ་སྐོར་མཛེས་ཁུལ་ལམ་ཆེན་ཏེ། རྒྱལ་ལམ་G318ཀྱི་ཁྲོན་བོད་ལམ་ཐིག་བརྒྱུད་ཚེ་མཛེས་ཤིང་ལྟ་ན་སྡུག་པའི་དཀར་མཛེས་ཁུལ་གྱི་ཡུལ་སྐོར་གནས་མཆོག་དང་ཕུན་སུམ་ཚོགས་པའི་རིག་གནས་ཁོར་ཡུག་ལ་མྱོང་རོལ་བྱ་ཐུབ།

            ཐེངས་འདིར་དཀར་མཛེས་ཁུལ་ཡུལ་སྐོར་ཅུས་ཀྱིས་དར་མདོའི་མི་རྒོད་མཚོ་དང་ལྕགས་ཟམ་ཁ། དུང་དཀར་ལུང་པ་བཅས་ཀྱི་ཉིན་གསུམ་རིང་གི་ཡུལ་སྐོར་དང་། དར་མདོའི་མི་རྒོད་མཚོ་དང་ར་རྔ་ཁ། བརྒྱད་ཟིལ་འོད་སྐྱིད་མཚོ་བཅས་ཀྱི་ཉིན་བཞིའི་རིང་གི་ཡུལ་སྐོར། དེ་བཞིན་འདབ་པའི་ཉི་སྟེང་གི་ཉིན་བཞིའི་རིང་གི་ཡུལ་སྐོར་བཅས་ཀྱི་མཁའ་འགྲུལ་ལམ་ཐིག་འཆར་འགོད་བྱས་ཡོད། གསར་འགོད་པས་ཤེས་རྟོགས་བྱུང་བ་ལྟར་ན། སྤྱི་ཟླ་5པའི་ཚེས་15ཉིན། འགྲུལ་སྐྱེལ་གནམ་གྲུ་ཁྲུང་ཆིང་ནས་འདབ་པའི་ཉི་སྟེང་བར་འཕུར་རྒྱུ་ཡིན་པ་དང་། འཕུར་ཡུན་དུས་ཚོད་1དང་སྐར་མ་10ཡིན་ཏེ། སྔ་དྲོའི་དུས་ཚོད་6དང་སྐར་མ་50ཡི་ཐོག་འཕུར་འགོ་བརྩམས་ནས་དུས་ཚོད་8ཀྱི་ཐོག་སླེབས་ཐུབ་ཅིང་། གནམ་གྲུའི་པ་སེ་སྒོར་590ཡིན་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1