ཞི་ཅིན་ཕིང་གིས་གོ་མིན་ཏང་གི་ཀྲུའུ་ཞི་ཀྲུའུ་ལི་ལུན་ལ་པེ་ཅིང་དུ་མཇལ་འཕྲད་གནང་རྒྱུ་རེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-04


གོ་མིན་ཏང་གི་ཀྲུའུ་ཞི་ཀྲུའུ་ལི་ལུན་གྱི་དཔྱད་གཞིའི་རྒྱུ་ཆ་ཡི་པར་རིས།

            སྤྱི་ཟླ་5པའི་ཚེས་4ཉིན་གྱི་ཞོགས་པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་མིན་ཏང་གི་ཀྲུའུ་ཞི་ཀྲུའུ་ལི་ལུན་ལ་པེ་ཅིང་དུ་མཇལ་འཕྲད་གནང་རྒྱུ་རེད། ཉིན་འདིའི་ཕྱི་དྲོར། ཀྲུའུ་ལི་ལུན་པེ་ཅིང་སློབ་ཆེན་དུ་ཕེབས་ནས་དགེ་སློབ་རྣམས་དང་བཞུགས་མོལ་གནང་རྒྱུ་ཡིན་པ་དང་། དེ་ནས་ཞང་ཧྲན་གྱི་པི་ཡོན་དགོན་དུ་ཕེབས་ནས་སུན་ཀྲུང་ཧྲན་གྱི་གྱོན་གོས་འཇོག་སའི་བང་སོ་རུ་འཚམས་གཟིགས་གནང་རྒྱུ་རེད་ལ། དགོང་མོར་ཐའེ་ཝན་དུ་ཕྱིར་ཕེབས་རྒྱུ་ཡིན་འདུག  གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། 1925ལོར་སྐུ་ཞབས་སུན་ཀྲུང་ཧྲན་པེ་ཅིང་དུ་སྐུ་གཤེགས་པའི་ལོ་བཞིའི་རྗེས་ཏེ། 1929ལོར་ད་གཟོད་ནན་ཅིང་སུན་ཀྲུང་ཧྲན་གྱི་བང་སོ་ལེགས་འགྲུབ་བྱུང་བ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1