༄༅། །ཨེ་ཛི་ནད་འགོས་མཆེད་སྡོམ་རྩིས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-04


 

2007ལོའི་ཟླ་11པའི་ཚེས་29ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཨེ་ཛི་སྔོན་འགོག་ལས་བྱེད་ཨུ་ཡན་ལྷན་ཁང་གི་གཞུང་ལས་ཁང་། འཕྲོད་བསྟེན་པུའུ། མཉམ་འབྲེལ་རྒྱལ་ཚོགས་ཀྲུང་གོའི་ཨེ་ཛི་ཆེད་དོན་ཚན་པས་ཀྲུང་གོའི་ཨེ་ཛི་སྔོན་འགོག་མཉམ་འབྲེལ་གདེང་འཇོག་སྙན་ཞུ་(2007)ཆེད་དོན་གསར་འགོད་གསལ་བསྒྲགས་ཚོགས་འདུ་བསྡུས།གསལ་བསྒྲགས་ལྟར་ཀྲུང་གོའི་ཨེ་ཛི་ནད་ཀྱི་རྒྱུ་ཆ་གསར་བ་སྟེ་2007ལོའི་ཟླ་10བའི་ཟླ་མཇུག་ཏུ། རྒྱལ་ཡོངས་ཨེ་ཛི་ནད་དུག་འགོས་ཁྱབ་བྱུང་བའི་སྙན་ཞུའི་མི་འབོར་223501ལ་སླེབས་པ་དང་།དེ་ལས་ཨེ་ཛི་ནད་དུག་ཅན་62838ཙམ་དང་། ཤི་ཟིན་པའི་སྙན་ཞུ་མི་འབོར་22205ལ་སླེབས་པ་རེད། ལོ་མཇུག་ཏུ་རང་རྒྱལ་ད་ཡོད་ཨེ་ཛི་ནད་དུག་ཅན་ཁྲི་70ལ་སླེབས་པ་དང་། ཆ་ཡོངས་སུ་འགོས་མཆེད་ཀྱི་བསྡུར་ཚད་བརྒྱ་ཆའི་0.05ཙམ་རེད། དེ་ལས་ཨེ་ཛི་ནད་པ་ཁྲི་8.5ཟིན་པ་དང་། ལོ་དེར་གསར་ཏུ་བྱུང་བའི་ཨེ་ཛི་ནད་པ་འགོས་མཆེད་ཅན་ཁྲི་5ཡོད་པ་རེད། འདས་གྲོངས་སུ་གྱུར་བ་ཁྲི་2ཡོད་པ་རེད། དེ་དག་ལས་གསར་དུ་འགོས་མཆེད་བྱུང་བ་ལས་ཕོ་མོའི་འཁྲིག་སྦྱོར་ལས་བྱུང་བའི་མི་འབོར་བརྒྱ་ཆའི་44.7ཟིན་པ་དང་། སྐྱེས་པ་བརྒྱ་ཆའི་12.2། དུག་སྤྱོད་པ་བརྒྱ་ཆའི་42། ཨ་མ་ལས་བུ་ལ་བགོས་པ་བརྒྱ་ཆའི་1.1ཙམ་ཟིན་པ་རེད།

ཀྲུང་གོས་ཨེ་ཛི་སློབ་གསོ་རྒྱ་ཁྱབ་དུ་སྤེལ་བ་ཡིན་ནའང་། སྤྱི་ཚོགས་སྟེང་ཨེ་ཛི་ནད་ཀྱི་འགོས་མཆེད་སྔར་ལྟར་འཕེལ་བཞིན་ལ་ངེས་ཤེས་གསལ་བོར་མ་བྱུང་བའི་གནས་ཚུལ་རེད།2009ལོའི་ཟླ་2བའི་ཚེས་18ཉིན། ཀྲུང་གོའི་འཕྲོད་བསྟེན་པུའུ་ཨེ་ཛི་ནད་ཡམས་སྙན་ཞུ་ལྟར་ན། 2008ལོའི་སྔོན་གྱི་དུས་ཚིགས་གསུམ་པོར་ཀྲུང་གོའི་སྤྱི་སྡོམ་ཨེ་ཛི་ནད་ཀྱིས་ཤི་ཟིན་པའི་མི་འབོར་6897ལ་སླེབས་པ་རེད། ཐེངས་དང་པོར་གློ་གཅོང་དང་ཁྱི་སྨྱོན་གྱི་དུག་ལས་བརྒལ་བའི་ནད་ཡམས་ཞིག་ཏུ་གྱུར་ཡོད་པ་རེད།

 

ཞང་ཀང་གི་ཨེ་ཛི་གནས་ཚུལ།

ཞང་ཀང་དུ་1984ལོར་ཆེས་ཐོག་མར་ཨེ་ཛི་ནད་འགོས་མཆེད་ཀྱི་དོན་རྐྱེན་བྱུང་ཞིང་། 1985ལོར་ཆེད་ཆེས་ཐོག་མར་གསར་རྙེད་བྱུང་།2008ལོའི་ཟླ་9བར་ཞང་ཀང་གི་འཕྲོད་བསྟེན་ཁོང་གཏོགས་ཨེ་ཛི་ནད་འགོས་མཆེད་སྡོམ་རྩིས་བླངས་པ་ལྟར་ན། 1984ལོར་གསར་དུ་བྱུང་བ་ནས་ཨེ་ཛི་ནད་པ་3941ལ་འགོས་མཆེད་བྱུང་བ་དང་། 1985998ལོ་ནས་སྡོམ་གྲངས་998ཙམ་ལ་དོན་རྐྱེན་གསར་རྙེད་ཀྱི་ཨེ་ཛི་ནད་པར་ཚུད་པ་རེད།

ཞང་ཀང་དུ་ལོ་ངོ་མང་པོར་འཁྲིག་སྦྱོར་ནི་ཨེ་ཛིའི་འགོས་ལམ་གཙོ་བོ་ཞིག་རེད། 2008ལོའི་ཟླ་9བར་སྡོམ་རྩིས་ལྟར་ན། 1984ལོར་ནད་དུག་འགོས་མཆེད་ཀྱི་དོན་རྐྱེན་དེ་ལས་བརྩམས་སྟེ་འཁྲིག་སྤྱོད་ལ་བརྟེན་ནས་ཨེ་ཛི་འགོས་མཆེད་བྱུང་བའི་དོན་རྐྱེན་གྱིས་བརྒྱ་ཆའི་74ཙམ་ཟིན་པ་རེད། ཨེ་ཛི་འགོས་མཆེད་ནད་པ་ལས་བརྒྱ་ཆའི་85ཙམ་རེད། འདི་ལྟར་ལྟོས་ན་ཕོ་མོ་འཁྲིག་སྦྱོར་ལ་བརྟེན་པའི་འགོས་མཆེད་ཀྱི་ཨང་དང་པོ་ཟིན་པ་དང་། མཚན་མཐུན་སྤྱོད་པ་ལས་ནུབ་ཕྱོགས་རྒྱལ་ཁབ་དག་ལ་བསྡུར་ན་བརྒྱ་ཆའི་3ནས་5ཙམ་ཟིན་པ་རེད། དེ་ལྟར་ཕོ་མོ་འཁྲིག་སྤྱོད་ལས་མཚན་མཐུན་སྤྱོད་པ་ལས་ཨེ་ཛི་འགོས་མཆེད་ལྡབ་བཅུ་ཙམ་གྱིས་ཉེན་ཚབས་ཆེ་ཞིང་། མཚན་མཐུན་སྤྱོད་པ་ནི་ཨེ་ཛི་འགོས་མཆེད་ཉེན་ཚབས་ཆེ་བའི་མི་ཚོགས་དེ་རེད།

ཞང་ཀང་གི་ཨེད་ཛི་ནད་ལས་འགུལ་ནི་སྲིད་གཞུང་དང་དང་བླངས་མིའི་རྩ་འཛུགས་ཀྱིས་གྲུབ་ཅིང་།སྲིད་གཞུང་གིས་ཨེ་ཛི་ནད་འགོས་མཆེད་ལ་བལྟ་རྟོགས་དང་ཞིབ་བཤེར་ལ་འགན་ལེན་པར་གཏན་འབེབས་དང་། སྲིད་གཞུང་དེ་དང་ཆབ་ཅིག་ཏུ་གྲོང་སྡོད་ཁོར་ཡུག་སོགས་སུ་ཨེ་ཛི་སྔོན་འགོག་སློབ་གསོའི་ལས་ཀ་ཁྱབ་བརྡལ་དུ་གཏོང་བཞིན་མཆིས།

 

ཐེ་ཝན་གྱི་ཨེད་ཛི་གནས་ཚུལ།

ཐེ་ཝན་དུ་1984ལོའི་ཟླ་12བར་ཆེས་ཐོག་མར་ཨེ་ཛི་ནད་ཀྱི་དོན་རྐྱེན་བྱུང་ཞིང་། ཕྱི་ལོགས་ནས་ལྗོངས་རྒྱུ་མགྲོན་པོ་ཞིག་ལས་ཞིབ་བཤེར་ཐོན་པ་རེད། 1986ལོའི་ཟླ་2བའི་ཟླ་མཇུག་ཏུ་ཐེ་ཝན་མི་རང་ཉིད་ལ་འགོས་མཆེད་ཀྱི་དོན་རྐྱེན་བྱུང་། 1988ལོ་ནས་གཏན་འབེབས་བྱས་པ་ལྟར་ཟུངས་ཁྲག་མཁོ་འདོན་པའི་ཁྲག་ལ་ནད་དུག་ཡོད་མེད་ཞིབ་བཤེར་བྱས་པ་བརྒྱུད་བེད་སྤྱོད་གཏོང་རྒྱུ་བྱས། 1990ལོར་གསལ་བསྒྲགས་བྱས་ཤིང་ཡམས་འགོག་ནུས་པ་ཞན་པའི་སྐབས་སུ་འགོག་བསྲུང་ཚན་པ་ཕྱེས་པ་རེད། HIVནད་དུག་ཅན་སྨན་པ་བསྟེན་པའི་དང་བླངས་མིར་སྲིད་གཞུང་གིས་སྨན་ཁང་དང་གྲགས་ཅན་སྨན་པས་ཞིབ་བཤེར་བྱས། ཐེ་ཝན་དུ་ཨེ་ཛི་ནད་པའི་གསོ་བཅོས་ཞབས་ཞུ་ཐམས་ཅད་རིན་མེད་སྲིད་གཞུང་ནས་འགན་ལེན་བྱས། 2006ལོའི་ཟླ་བ་དང་པོའི་ཚེས་གཅིག་ནས་ཨེ་ཛི་ནད་ནི་ཐེ་ཝན་བདེ་ཐང་འགན་བསྲུང་ནད་བཅོས་ཁོར་ཡུག་ལས་ཚད་བརྒལ་བྱུང་བས། སྲིད་གཞུང་ནས་སྔོན་དཔག་ཚོད་རྩིས་བྱས་པ་ལྟར་ན་མ་འོངས་བར་སྲིད་གཞུང་གིས་སྤྱི་གཞུང་གི་ཚོད་རྩིས་ཉུང་ངུར་བྲི་ཞིང་། ཐེ་ཝན་གྱི་ཨེ་ཛི་ནད་པའི་རིན་མེད་གསོ་བཅོས་ཞབས་ཞུ་ལོངས་སུ་སྤྱོད་རྒྱུར་ཤན་ཞུགས་ཐེབས་རྒྱུ་རེད།ཨེ་ཛི་སློབ་གསོ་ཐེ་ཝན་དུ་སྔ་མོ་ནས་ཁྱབ་བརྡལ་བྱས་ནའང་སྤྱི་ཚོགས་སྟེང་ཆ་ཡོངས་ནས་ཨེ་ཛི་འགོས་མཆེད་ཀྱི་ངེས་ཤེས་གསལ་པོར་མེད་པའི་སྣང་ཚུལ་བྱུང་བཞིན་འདུག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1