སིལ་སྡོང་ར་བར་གཙང་ཉར་བྱས་ཏེ་དཔྱིད་རྨོད་ལ་ལྟ་གོན་བྱས།

ནོར་བུ་ཚེ་རིང་། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།རྔ་སྒྲ། སྤེལ་དུས། 02-02


        ཉེ་ཆར། ཆུ་ཆེན་རྫོང་གི་ཞིང་བ་སིལ་ཏོག་འདེབས་མཁན་དག་གིས་མིག་སྔའི་གནམ་གཤིས་བཟང་བོ་ལེགས་པར་སྤྱད་དེ། སྔ་ཕྱིར་ལི་སྡོང་གི་ཡལ་ག་བཅོས་པ་དང་སིལ་སྡོང་ར་བར་གཙང་ཉར་བྱས་ནས་ད་ལོར་གངས་ལིར་ལོ་ལེགས་འབྱུང་བར་གྲ་སྒྲིག་ཕུན་སུམ་ཚོགས་པ་བྱས།

        དགུན་ཚུགས་པ་ནས་བཟུང་ཆུ་ཆེན་རྫོང་གིས་དགུན་ཁའི་ངལ་གསོའི་ཁོམ་སྐབས་དང་བསྟུན་ནས་ཧུར་བརྩོན་གྱིས་དཔྱིད་རྨོད་ཐོན་སྐྱེད་དང་དཔྱིད་དུས་དཔལ་འབྱོར་ཤིང་འབྲས་ལས་རིགས་ཀྱི་འཛུགས་སྐྲུན་སྐུལ་སྤེལ་བྱས་ཡོད་དེ། ཞིང་བ་སིལ་ཏོག་འདེབས་མཁན་གྱིས་སིལ་སྡོང་གི་ཡལ་ག་བཅོས་པ་དང་སིལ་སྡོང་ར་བར་སིལ་སྡོང་གསར་བ་འཛུགས་པ་སོགས་དོ་དམ་ལས་ཀར་རྩ་འཛུགས་དངཁྲིད་སྟོན་བྱས། ནུས་ཤུགས་གཅིག་ཏུ་སྒྲིལ་ནས་རིམ་པ་མང་བ་དང་བརྒྱུད་ལམ་མང་བ། རྣམ་པ་མང་བའི་སྒོ་ནས་ཚན་རྩལ་དགུན་དུས་ཀྱི་གཟབ་སྦྱོང་བྱེད་སྒོ་སྤེལ་བས། ཤིང་འབྲས་ལས་རིགས་ཀྱི་ཐོན་འབྲས་ཇེ་ལེགས་སུ་བཏང་བ་དང་ཞིང་བའི་ཡོང་འབབ་བརྟན་པོས་འཕེལ་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1