ལྔ་གཅིག་གི་ངལ་གསོའི་དུས་སྐབས་སུ་མཛོད་དགེ་རྫོང་གིས་ཡུལ་སྐོར་བ་མི་གྲངས་ཁྲི་1.26ལ་སྣེ་ལེན་བྱས།

ཏིང་བཀྲས་བསྒྱུར། རྩོམ་སྒྲིག་པ།ཏིང་བཀྲ།ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 05-05


          སྤྱི་ཟླ་5པའི་ཚེས་4ཉིན་བསྡོམས་རྕིས་བྱས་པ་ལྟར་ན།  ལྔ་གཅིག་གི་ཉིན་གསུམ་གྱི་ངལ་གསོའི་དུས་སྐབས་སུ། མཛོད་དགེ་རྫོང་གིས་ཁྱོན་བསྡོམས་འགྲུལ་བ་མི་གྲངས་ཁྲི་1.26ལ་སྣེ་ལེན་བྱས་ཤིང་། ན་ནིང་གི་དུས་མཉམ་དང་བསྡུར་ན་4.5%འཕར་ཡོད། བསྡོམས་པས་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་819.6ལ་སླེབས་པས། ན་ནིང་གི་དུས་མཉམ་དང་བསྡུར་ན་4.4%འཕར་ཡོད། ད་རེས་ཀྱི་ངལ་གསོའི་དུས་སྐབས་འདིར་སྔོན་ཆད་ལྟར་སྒེར་འཁོར་བསྐོར་ནས་ཡུལ་སྐོར་ལ་ཡོང་མཁན་གཙོ་བོ་བྱས་པའི་རྣམ་པ་བསྒྱུར་ནས། ཡུལ་སྐོར་བའི་ཚོགས་པ་ཇེ་མང་དུ་སོང་ཡོད་པས། མཛོད་དགེ་རྫོང་གི་ཡུལ་སྐོར་ལས་རིགས་ལ་ཟིན་ཐོ་གསར་པ་བསྐྲུན་ཡོད།

          ལྔ་གཅིག་གི་དུས་སྐབས་སུ། ཡུལ་སྐོར་ཁྲོམ་ར་གྲལ་དག་ཅིང་གོ་རིམ་དང་ལྡན་པས། ཡུལ་སྐོར་བའི་རེ་བ་ཡོངས་སུ་བསྐང་ཡོད་ལ། དུས་སྐབས་འདིའི་རིང་ལ་འགྲིམ་འགྲུལ་དོན་རྐྱེན་དང་གྱོད་དོན་སོགས་གང་ཡང་མ་བྱུང་བར་བདེ་བླག་ཡིན་པས། ཡུལ་སྐོར་བ་རྣམས་ལ་བདེ་འཇགས་དང་དྭངས་གཙང་གི་ཁོར་ཡུག་ཅིག་འཛུགས་སྐྲུན་བྱས་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1