མཐོ་སྒང་གྲོང་ཚོའི་ཁེ་འབབ་བགོ་བའི་སྲོལ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 02-13


        རང་ལོ་63ལ་སླེབས་པའི་སྐལ་བཟང་ཕུན་ཚོགས་ཀྱིས་ཁེ་སྤོགས་བགོ་བའི་རེའུ་མིག་ཐོག་མིང་རྟགས་བཀོད་ནས་མཛུབ་མཐེལ་བརྒྱབ་པ་དང་། གྲོང་ཚོའི་ལས་བྱེད་པས་སྤྲད་པའི་དངུལ་སྨར་མཐུག་པོ་ཞིག་ལེན་སྐབས། དགའ་སྤྲོའི་འཛུམ་མདངས་རྒྱས་བཞིན་འདུག

        ཉེ་ཆར། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བདེ་ཞིང་གྲོང་ཚོར་2022ལོའི་ཐོན་ལས་ཀྱི་ཁེ་འབབ་བགོ་བའི་མཛད་སྒོ་གཉེར་བ་རེད། ཉིན་དེར་གྲོང་ཚོ་ཨུ་ལྷན་གྱི་སྒོ་རའི་ནང་ཁེ་སྤོགས་རག་པའི་གྲོང་མི་མང་པོ་འཛོམས་ཡོད།

        དཀོན་མཆོག་འཕྲིན་ལས་ཀྱིས། “ད་ཐེངས་ཐོན་ལས་ཀྱི་ཁེ་འབབ་དེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྣམ་གྲངས་ཀྱི་ཡོང་འབབ་ཁྲོད་ནས་སྒོར་ཁྲི་458བཏོན་ཡོད་”ཟེར། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྣམ་གྲངས་ཁྲོད་ནུས་པ་ཆེ་ཙམ་འདོན་མཁན་དང་ལོ་མང་ནང་གྲོང་ཚོ་དེ་གར་ལས་ཀ་བྱེད་མཁན་ལ་མི་རེ་ངོ་རེར་སྒོར་7000བགོས་པ་དང་། ལོ་60ཡན་ལོན་རིགས་དང་། སློབ་གྲྭར་ཡོད་པའི་སློབ་མ། ན་སོ་དར་ལ་མ་བབས་པའི་མི་བཅས་ལ་མི་རེར་སྒོར་5000བགོས་ཡོད།  ངལ་རྩོལ་ནུས་པ་ལྡན་མོད། འོན་ཀྱང་ལོ་ལྟར་ཕྱིར་གླ་པར་སྐྱོད་མཁན་མི་རེར་སྒོར་2000བགོས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1