དཔྱིད་གྲབས་ལས་ལ་བྲེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 02-14


 ལོ་གཅིག་གི་འཆར་གཞི་འགྲུབ་མིན་དཔྱིད་ཀར་ཐུག དཔྱིད་དྲོད་སླེབས་པས་དཔྱིད་གྲབས་ལས་ལ་བྲེལ། ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས“སྔ་ཙམ”དང“ཏན་ཏིག”“མགྱོགས་མྱུར”བཅས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། རྫས་ལུད་དང་ཞིང་སྨན་ཉོ་སྒྲུབ་དང་དེ་བཞིན་ས་བོན་གྲ་སྒྲིག་དང་ཞིང་འཕྲུལ་ཉམས་གསོ་སོགས་ཀྱི་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས། ཞིང་སྤྱོད་རྒྱུ་ཆ་དང་ཞིང་འཕྲུལ་ཡོ་བྱད་དུས་ཐོག་ཏུ་དམིགས་སར་འབྱོར་བ་དང་ཞིང་ལས་ལ་འཐུས་ཤོར་མི་ཡོང་བའི་འགན་ལེན་བྱས་པ་རེད།

 འདི་ནི་མེ་ཏོག་རྫོང་མེ་ཏོག་གྲོང་རྡལ་གྱིས་ཞིང་དུད་ལ་ཞིང་ལས་རྒྱུ་ཆ་སྤྲོད་བཞིན་པ།

 

 འདི་ནི་མལ་གྲོ་གུང་དཀར་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱིས་འདེབས་འཛུགས་དུད་ཚང་ལ་གྲ་སྒྲིག་བྱས་པའི་པད་ཁ་དང་ནས་དཀར་གྱི་སོན་བཟང་ཡིན་པ།

 འདི་ནི་མལ་གྲོ་གུང་དཀར་རྫོང་རྩ་ཞོལ་ཤང་ཀློང་གྲོལ་སྒང་གྲོང་ཚོའི་འདེབས་འཛུགས་དུད་ཚང་གིས་གསར་འགོད་པར་རང་ཁྱིམ་གྱི་སོན་བཟང་སྟོན་བཞིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1