༄༅། །ཁྲིམས་སྐྱོང་བྱ་དགོས་ན་ཐོག་མར་རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་དགོས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-05


                  སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ནང་བསྟན་དོན། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱ་དགོས་ན་ཐོག་མར་རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱ་དགོས་པ་དང་། ཁྲིམས་ལྟར་སྲིད་འཛིན་བྱེད་པ་རྒྱུན་འཁྱོངས་བྱ་དགོས་ན་ཐོག་མར་རྩ་ཁྲིམས་ལྟར་སྲིད་འཛིན་བྱ་དགོས། རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་ལམ་ལུགས་འཐུས་ཚང་གཏོང་དགོས། རྒྱལ་ཡོངས་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་རྩ་ཁྲིམས་ལྟ་སྐུལ་ལམ་ལུགས་འཐུས་ཚང་གཏོང་དགོས། རྩ་ཁྲིམས་འགྲེལ་བརྗོད་གོ་རིམ་གྱི་ནང་རྐྱེན་འཐུས་ཚང་གཏོང་དགོས།

                རྩ་ཁྲིམས་ལྟར་ཁྲིམས་འཛིན་དང་ཡང་ན་རྩ་ཁྲིམས་དང་འགལ་བའི་འདྲི་རྩད་ནང་རྐྱེན་འཛུགས་པ།

                པེ་ཅིང་རྩིས་ཚན་སློབ་ཆེན་གྱི་ཁྲིམས་ལུགས་སློབ་གླིང་གི་སློབ་དཔོན་ཆེན་མོ་ཞིས་ཆིན་གྱིས། རྩ་ཁྲིམས་ཐད་ནས་ངོས་འཛིན་གཅིག་གྱུར་བྱུང་རྒྱུ་ནི་ད་ལྟ་ངེས་པར་འཚོལ་དགོས་པའི་མ་མཐའི་ཚད་གཞི་ཡིན་ལ། ཐེངས་འདིའི་སྤྱི་བསྒྲགས་ལས་རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནན་གསུངས་གནང་བ་ནི་ཡར་ཐོན་གྱི་རྣམ་པ་ཞིག་ཡིན། ཕུགས་རྒྱང་རིང་པོ་ནས་བལྟས་ན་རྩ་ཁྲིམས་ལྟར་སྲིད་འཛིན་བྱས་ཏེ་རིམ་པ་ལྟར་རྩ་ཁྲིམས་དང་འགལ་བའི་འདྲི་རྩད་ནང་རྐྱེན་འཛུགས་རྒྱུ་ཡིན་ལ། མ་འོངས་པའི་ཁྲིམས་འཛིན་ཡང་འདི་ནས་འགོ་རྩོམ་རྒྱུ་རེད། རྩ་ཁྲིམས་དང་འགལ་བའི་འདྲི་རྩད་ནང་རྐྱེན་འདི་ལྟ་བུ་ཞིག་ལ། ང་ཚོར་རྩ་ཁྲིམས་ཁྲིམས་ཁང་དང་རྩ་ཁྲིམས་ཨུ་ལྷན་འཛུགས་པའི་རེ་བ་ཡོད། དུས་ཡུན་ཐུང་ངུའི་ནང་འཛུགས་མ་ཐུབ་རུང་། ངའི་བསམ་འཆར་ཡིན་ན། ཆེད་དམིགས་ཀྱི་ལས་ཁུངས་ཤིག་བཙུགས་ནས་ལས་ཀའི་གོ་རིམ་ངེས་གཏན་ཞིག་གཏན་འཁེལ་བྱ་དགོས་ཤིང་། ཁྲིམས་ཁང་གིས་འདྲི་རྩད་གྱོད་གཞིའི་ནང་ཁྲིམས་བཟོའི་ལུགས་མཐུན་རང་བཞིན་དང་འབྲེལ་བའི་གནད་དོན་ལ་འདྲི་རྩད་རེ་ཞུ་བྱ་ཆོག་པ་དང་། འདི་འདྲའི་འདྲི་རྩད་བྱེད་པར་ཟུར་ཉན་བྱེད་ཐབས་སྤྱད་དེ་སྤྱི་ཚོགས་ལ་སྤྱི་བསྒྲགས་བྱ་དགོས། གལ་སྲིད་གོ་རིམ་འདི་དག་འཐུས་ཚང་བཏང་བ་ཡིན་ན། ཀྲུང་གོའི་རྩ་ཁྲིམས་དང་འགལ་བའི་འདྲི་རྩད་ནང་རྐྱེན་ལ་མཚོན་ན་ཐོག་མའི་འཕེལ་རྒྱས་ཤིག་ཡིན་ཞེས་གསུངས།

               རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རྨང་གཞི་ཡིན།

               ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ཞེས་པའི་ཚིག་འདིའི་སྲོག་ཤིང་ནི་ཁྲིམས་ཞེས་པའི་མིང་ཚིག་འདི་ཡིན་ལ། རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལྟེ་བའི་མིང་ཚིག་ནི་རྩ་ཁྲིམས་ཞེས་པ་འདི་ཡིན། སྒྲ་ཡངས་འཇུག་གི་ངོས་ནས་ཁྲིམས་ཞེས་པའི་ནང་དུ་རྩ་ཁྲིམས་འདུས་ཡོད་པ་དང་། སྒྲ་དོག་འཇུག་གི་ངོས་ནས་ཁྲིམས་ཞེས་པ་ནི་རྩ་ཁྲིམས་གཏན་འབེབས་དང་དེ་ནས་བྱུང་བའི་རྒྱལ་ཁབ་ཀྱི་ཆེད་ལས་ཁྲིམས་བཟོ་ལས་ཁུངས་ཀྱིས་གཏན་འབེབས་གནང་བའི་ཁྲིམས་ལུགས་སྒྲིག་སྲོལ་ལ་བརྟེན་ནས་བྱུང་བ་ཙམ་ཡིན། སྒྲ་ཡངས་འཇུག་གི་སྒོ་ནས་བཤད་ན། རྩ་ཁྲིམས་ནི་རྒྱལ་ཁབ་ཅིག་གི་རྩ་བའི་ཁྲིམས་ལུགས་ཡིན་ཞིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་མ་ལག་གི་ཁྲོད་དུ་གོ་གནས་གཙོ་བོ་བཟུང་ཡོད། དེར་བརྟེན། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ཞེས་པའི་ནང་གི་ཁྲིམས་ཀྱི་ཆེས་གཙོ་བོ་ནི་རྩ་ཁྲིམས་ཡིན་ལ། རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རྨང་གཞི་དང་བརྗོད་སྙིང་ཡིན། དེ་མིན་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ལ་ཁྲིམས་གཅིག་གྱུར་མིན་པ་དང་སྲིད་གཅིག་གྱུར་མིན་པའི་གནད་དོན་འབྱུང་རྒྱུ་རེད། སྒྲ་དོག་འཇུག་གི་སྒོ་ནས། གལ་སྲིད་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ཞེས་པའི་ནང་གི་ཁྲིམས་ནི་རྒྱལ་ཁབ་ཆེད་ལས་ཁྲིམས་བཟོ་ལས་ཁུངས་ཀྱིས་གཏན་འབེབས་གནང་བའི་ཁྲིམས་ལུགས་སྒྲིག་སྲོལ་ཙམ་ཡིན་ན། དེ་ལ་མངོན་གསལ་གྱི་མི་འདང་ས་ཡོད་པས། ངེས་པར་རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་ནི། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རྨང་གཞི་དང་སྔོན་འགྲོ་རུ་འཛིན་དགོས།

 

              ཁྲིམས་འཛིན་སྒེར་ཚུགས། འགོ་ཁྲིད་ལས་བྱེད་པས་ཁྲིམས་འཛིན་ལ་ཐེ་གཏོགས་བྱས་པའི་ཟིན་ཐོ་ཡོད།

              ཁྲིམས་ལྟར་སྒེར་ཚུགས་དང་དྲང་བདེན་གྱིས་འདྲི་གཅོད་དབང་ཆ་དང་ཁྲིམས་དཔྱོད་དབང་ཆའི་ལམ་ལུགས་འཐུས་ཚང་དང་འགན་སྲུང་གནང་དགོས། འགོ་ཁྲིད་ལས་བྱེད་པས་ཁྲིམས་འཛིན་ལ་ཐེ་གཏོགས་བྱ ས་པའི་ལས་འགུལ་དང་ཐེ་ཇུས་བྱས་པའི་ཞིབ་ཕྲའི་གྱོད་གཞི་ཐག་གཅོད་བྱེད་པའི་ཟིན་ཐོ། ཡར་ཞུ་དང་འགན་ལེན་རྩད་ཞིབ་ལམ་ལུགས་འཛུགས་དགོས་པ་དང་། ཁྲིམས་འཛིན་མི་སྣས་ཁྲིམས་གྱི་འགན་འཁྲི་ལག་བསྟར་བྱ་བའི་བདག་སྐྱོང་ནང་རྐྱེན་འཐུས་ཚང་ཞིག་འཛུགས་དགོས།

ཁྲིམས་འཛིན་ལ་ཐེ་གཏོགས་བྱ་མི་རུང་བ་ནི་གཞི་རྩའི་རྩ་དོན་ཞིག་ཡིན།

              དམིགས་འབེན་གཅིག་དང་མ་ལག་ལྔ། འགན་ཁུར་དྲུག

              དམིགས་འབེན་གཅིག་ལས། སྤྱིའི་དམིགས་འབེན་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་བྱ་རྒྱུ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་རྒྱུ་དེ་ཡིན།

       མ་ལག་ལྔ་ནི། ཁྲིམས་ལུགས་ཚད་ལྡན་དུ་གཏོང་བའི་མ་ལག་ཆ་ཚང་བ་དང་། ནུས་མཐོའི་ཁྲིམས་སྐྱོང་ལག་བསྟར་མ་ལག ཚགས་དམ་པའི་ཁྲིམས་སྐྱོང་ལྟ་སྐུལ་མ་ལག ནུས་ལྡན་གྱི་ཁྲིམས་སྐྱོང་འགན་སྲུང་མ་ལག འཐུས་སྒོ་ཚང་བའི་ཏང་ནང་གི་སྒྲིག་ཁྲིམས་མ་ལག་བཅས་ཆགས་དགོས།

       འགན་ཁུར་དྲུག་ནི། རྩ་ཁྲིམས་ལྟེ་བར་བཟུང་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་མ་ལག་འཐུས་ཚང་དུ་བཏང་སྟེ། རྩ་ཁྲིམས་ལག་བསྟར་ཤུགས་སྣོན་བརྒྱག་དགོས། ཁྲིམས་ལྟར་སྲིད་འཛིན་སྐུལ་སྤེལ་ཟབ་མོ་བྱས་ཏེ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་པའི་གོམ་སྟབས་ཇེ་མགྱོིགས་སུ་གཏོང་དགོས། དྲང་བདེན་གྱི་ཁྲིམས་འཛིན་ཁག་ཐེག་བྱས་ཏེ། ཁྲིམས་སྐྱོང་གི་སྤྱི་བའི་ཡིད་རྟོན་ཇེ་ཟབ་ཏུ་གཏོང་དགོས། སྤྱི་དམངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་པར་སྐུལ་འདེད་གཏོང་དགོས། ཁྲིམས་སྐྱོང་ལས་སྒྲུབ་རུ་ཁག་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས་། ཏང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འགོ་ཁྲིད་བྱེད་ཤུགས་ཇེ་དྲག་དང་འགོ་ཁྲིད་བྱེད་སྟངས་ལེགས་བཅོས་བྱ་དགོས།

                ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འགྱུར་ལྡོག་ལ་བལྟ་བ།

                ཁྲིམས་འཛིན་དབང་ཆ་དབྱེ་བགོ འདྲི་གཅོད་དབང་ཆ་དང་ལག་བསྟར་བྱེད་དབང་གཉིས་སོ་སོར་དབྱེ་དགོས་པ།

                ཁྲིམས་འཛིན་དབང་ཆའི་དབྱེ་བགོ་ལེགས་བསྒྱུར་བྱས་ཏེ། འདྲི་གཅོད་དབང་ཆ་དང་ལག་བསྟར་བྱེད་དབང་གཉིས་སོ་སོར་ཕྱེ་བའི་ལམ་ལུགས་བསྒྱུར་བཅོས་ཀྱི་ཚོད་ལྟའིོ་ས་ཚུགས་ལག་བསྟར་བྱེད་པ་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་སྐོར་བསྐྱོད་ཁྲིམས་ཁང་འཛུགས་པ། སྲིད་འཛིན་ཁྱབ་ཁོངས་ལས་བརྒལ་བའི་མི་དམངས་ཁྲིམས་ཁང་དང་མི་དམངས་ཁྲིམས་དཔྱོད་ཁང་འཛུགས་པར་འཚོལ་ཞིབ་བྱེད་པ། ཁྲིམས་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་གཏུག་བཤེར་ཞུ་བའི་ལམ་ལུགས་འཛུགས་པར་འཚོལ་ཞིབ་བྱེད་པ་བཅས་ལ་སྐུལ་འདེད་གཏོང་དགོས།

               སྐོར་བསྐྱོད་ཁྲིམས་ཁང་དེ་ས་གནས་ཁྲིམས་འཛིན་ཅན་ལ་གཡོལ་བར་ཕན།

               ཁྲིམས་ལྟར་སྲིད་ཇུས་གཏན་འབེབས། གལ་ཆེའི་སྲིད་ཇུས་གཏན་འབེབས་བྱེད་པར་མི་ཚེ་གང་བོར་འགན་འཁྲི་ཡོད།

               ཁྲིམས་ལྟར་སྲིད་ཇུས་གཏན་འབེབས་བྱེད་པའི་ལམ་ལུགས་འཐུས་ཚང་བཏང་སྟེ། སྤྱི་དམངས་མཉམ་ཞུགས་བྱེད་པ་དང་ཆེད་མཁས་པའི་ཁས་ལེན་པ། ཉེན་ཁར་སྔོན་དཔག་བྱེད་པ། ཁྲིམས་མཐུན་འདྲི་རྩད་བྱེད་པ། ཐུན་མོང་གིས་གྲོས་བསྡུར་བྱས་ཏེ་ གལ་ཆེའི་སྲིད་འཛིན་སྲིད་ཇུས་ཀྱི་ཁྲིམས་ཀྱི་གོ་རིམ་ཐག་གཅོད་བྱེད་པ། སྲིད་འཛིན་ལས་ཁུངས་ནང་ཁུལ་གྱི་གལ་ཆེའི་སྲིད་ཇུས་ཀྱི་ཁྲིམས་མཐུན་རང་བཞིན་རྩད་ཞིབ་བྱེད་པའི་ནང་རྐྱེན་འཛུགས་པ། གལ་ཆེའི་སྲིད་ཇུས་ལ་མི་ཚེ་གང་བོར་འགན་འཁྲི་བྱེད་པའི་རྩད་གཅོད་ལམ་ལུགས་དང་འགན་འཁྲི་རྩད་གཅོད་རྗེས་འདེད་བྱེད་པའི་ནང་རྐྱེན་འཛུགས་པ།

                སྒེར་གྱི་འགྲེལ་བརྗོད། ལྟ་ཚུལ་ཉུང་རུང་མཐོང་ཆེན་བྱ་དགོས།

                སྤྱི་ཕན་གཏུག་བཤེར། སྤྱི་ཕན་གཏུག་བཤེར་ལམ་ལུགས་འཛུགས་པར་འཚོལ་ཞིབ་བྱ་དགོས།

                ཁྲིམས་འཛིན་དབང་ཆའི་དབྱེ་བགོ་ལེགས་བསྒྱུར་བྱས་ཏེ། འདྲི་གཅོད་དབང་ཆ་དང་ལག་བསྟར་བྱེད་དབང་གཉིས་སོ་སོར་ཕྱེ་བའི་ལམ་ལུགས་བསྒྱུར་བཅོས་ཀྱི་ཚོད་ལྟའིོ་ས་ཚུགས་ལག་བསྟར་བྱེད་པ་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་སྐོར་བསྐྱོད་ཁྲིམས་ཁང་འཛུགས་པ། སྲིད་འཛིན་ཁྱབ་ཁོངས་ལས་བརྒལ་བའི་མི་དམངས་ཁྲིམས་ཁང་དང་མི་དམངས་ཁྲིམས་དཔྱོད་ཁང་འཛུགས་པར་འཚོལ་ཞིབ་བྱེད་པ། ཁྲིམས་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་གཏུག་བཤེར་ཞུ་བའི་ལམ་ལུགས་འཛུགས་པར་འཚོལ་ཞིབ་བྱེད་པ་བཅས་ལ་སྐུལ་འདེད་གཏོང་དགོས།

                 འདི་ལྟ་བུའི་ལམ་ལུགས་དེ་སྤྱི་དམངས་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་པར་ཕན།

                  སྤྱི་བསྒྲགས་ལས། ཁྲིམས་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་གཏུག་བཤེར་བྱེད་པའི་ལམ་ལུགས་འཛུགས་པར་འཚོལ་ཞིབ་བྱ་དགོས་པ་གླེང་ཡོད། སྤྱི་ཕན་གཏུག་བཤེར་ལམ་ལུགས་དེ་མི་མང་པོ་ཞིག་ལ་རྒྱུས་ལོན་དེ་འདྲ་མེད་ཀྱང་། འདིའི་བསྟན་དོན་ནི། སྤྱི་ཚོགས་ཀྱི་སྤྱི་བའི་ཁེ་ཕན་དང་རྒྱལ་ཁབ་ཀྱི་ཁེ་ཕན་གཉིས་སྲུང་སྐྱོབ་ཆེད་གཏུག་བཤེར་བྱེད་པར་སྲུང་སྐྱོབ་བྱ་ཆེད་ཡིན་ཏེ། དཔེར་ན། ཁོར་ཡུག་གི་ཁྲིམས་ཀྱི་ནང་དུ་ཁོར་ཡུག་སྤྱི་ཕན་གཏུག་བཤེར་འདུས་ཡོད་པ་ལྟ་བུ་རེད། འདི་འདྲའི་ལམ་ལུགས་དེ་སྤྱི་དམངས་ཀྱི་ཁེ་ཕན་སྲུང་བར་ཕན་པ་ཡོད།

                 ཨུ་ཡོན་འོས་མི། མི་གསུམ་ཀྲུང་དབྱང་ཨུ་ཡོན་ལ་འོས་སྦྱོར་བྱེད་པ།

                  སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་ཀྲུང་དབྱང་ཨུ་ཡོན་གྱི་འོས་མི་མ་ཅན་ཐང་དང་ཝང་ཙའོ་ཨན། མའོ་ཝན་ཁྲོན་བཅས་ཀྲུང་དབྱང་ཨུ་ལྷན་གྱི་ཨུ་ཡོན་ལ་འོས་སྦྱོར་བྱས་ཡོད།

དམག་སྡེའི་ནང་དུ་དག་ཐེར་བྱས། དབྱང་ཅིན་ཧྲན་ཏང་ནང་ནས་ཕྱིར་ཕུད་བཏང་།

                  སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་ཀྲུང་གོའི་ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་དབྱང་ཅིན་ཧྲན་གྱིས་ཁྲིམས་འགལ་གྱི་གནད་དོན་ཚབས་ཆེན་བསགས་པའི་འདྲི་རྩད་སྙན་ཞུར་གྲོས་ཞིབ་བྱས་པ་མ་ཟད་འཐད་པ་བྱུང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྔོན་ཆད་དབྱང་ཅིན་ཧྲན་ཏང་ནས་ནས་ཕྱིར་ཕུད་པའི་ཆད་པར་ངོས་འཛིན་ཐག་གཅོད་བྱས།

                 དབྱང་ཅིན་ཧྲན་གྱིས་ལྐོག་ཟ་རུལ་སུངས་བྱས་པས་ཁྲིམས་ཆད་འཕོག་སྲིད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1