ད་ལོར་བོད་ལྗོངས་སློབ་ཆེན་ནས་གསར་འགྱུར་རིག་པའི་ཆེད་ལས་ཀྱི་སློབ་མ་25བསྡུ་བའི་འཆར་གཞི་བཟོས་འདུག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-06


          གསར་འགོད་པས་བོད་ལྗོངས་སློབ་ཆེན་ནས་རྒྱུས་ལོན་པ་ལྟར་ན། ད་ལོར་བོད་ལྗོངས་སློབ་ཆེན་གྱིས་གསར་འགྱུར་རིག་པ་ལས་བོད་སྐད་རྒྱང་སྒྲོག་དང་མདོ་འཛིན་སྒྱུ་རྩལ་གྱི་ཕྱོགས་ནས་བོད་ལྗོངས་ཁོ་ནར་ཁ་གཏད་དེ་ཆེད་ལས་ཀྱི་སློབ་མ་བསྡུ་རྒྱུ་ཡིན་པ་རེད། བསྡོམས་པས་སློབ་མ་25བསྡུ་རྩིས་ཡོད་པ་དང་། དེའི་ནང་སློབ་མ་ཕོ་12དང་མོ་13འདུས། ཐེངས་འདིའི་སློབ་བསྡུའི་ངོ་བོ་ནི་དགེ་ཐོན་མ་ཡིན་པའི་དངོས་གཞིའི་སློབ་མ་ཡིན་པ་རེད།

         དེ་ཡང་མིང་འགོད་རྒྱུགས་སྤྲོད་ཀྱི་ཆ་རྐྱེན་ནི་《2015ལོའི་བོད་རང་སྐྱོང་ལྗོངས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་བསྡུའི་སྒྲིག་སྲོལ།》དང་མཐུན་དགོས་པར་མ་ཟད། ལྷ་སའི་ཁ་སྐད་ལ་བྱང་ཆ་ལྡན་པ། གཟུགས་པོ་བདེ་ཐང་ཡིན་པ། དབང་བོ་ཚུལ་ལྡན་ཡིན་པ། མགྲིན་པའི་ཆ་རྐྱེན་ལེགས་པ། སྒྲ་འབྱིན་གནས་དང་སྐད་གདངས་ཀྱི་ཆ་རྐྱེན་བཟང་པོ་ཡོད་པ་བཅས་ཀྱི་ཆ་རྐྱེན་ཚང་དགོས་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1