ཚན་རིག་པས་སྐོར་འགྲོས་ཆེས་མགྱོགས་པའི་རྒྱུ་སྐར་གསར་དུ་རྙེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-06


          HATS-6bནི་རྒྱུ་སྐར་ཁོག་སོབ་ཕྱི་རྒྱགས་ཤིག་ཡིན་ཞིང་བོངས་ཚད་ཕལ་ཆེར་རྒྱུ་སྐར་ཕུར་བུ་དང་མཉམ། འོན་ཀྱང་སྤུས་ཚད་ནི་སྤེན་པ་དང་འདྲ་བ་ཞིག་ལས་མེད།

          ཕྱི་རྒྱལ་གྱི་གསར་ལམ་ཁག་ཏུ་བཀོད་པ་ལྟར་ན། ཨ་རི་དང་། ཨོ་སི་ཐྲ་ལི་ཡ། འཇར་པན། ཧང་གྷ་རི་སོགས་ནས་ཐོན་པའི་རྒྱལ་སྤྱིའི་ཞིབ་འཇུག་ཚོ་ཆུང་གིས་ཉི་མ་དང་བར་ཐག་འོད་ལོ་484ཡོད་པའི་མཚམས་སུ་ཁྱིམ་རྒྱུད་གཞན་གྱི་རྒྱུ་སྐར་ཞིག་རྙེད་ཅིང་། དེའི་མིང་ལ་HATS-6bཞེས་བཏགས་ཡོད། དེ་Mདབྱིབས་ཀྱི་རྒྱུ་སྐར་ཆུང་བའི་མ་ལག་ཏུ་གཏོགས། བརྟན་སྐར་འདི་དང་འདྲ་བ་དགུ་ཚིགས་ཀྱི་ཁྱིམ་རྒྱུད་དུ་གྲངས་ཀ་མང་པོ་ཡོད་ལ། དེ་དགུ་ཚིགས་ཁྱིམ་རྒྱུད་ཀྱི་ནང་གི་རྒྱུན་མཐོང་བརྟན་སྐར་ཁྲོད་ཀྱི་རིགས་ཤིག་ཡིན།

  Mདབྱིབས་ཀྱི་སྐར་མ་ཆུང་བ་ནི་རྒྱུན་མཐོང་གི་བརྟན་སྐར་ཞིག་ཡིན་མོད། འོན་ཀྱང་ང་ཚོས་སྔར་བཞིན་དེར་རྒྱུས་ཡག་པོ་ཞིག་ལོན་མེད། Mདབྱིབས་ཀྱི་སྐར་མ་ཆུང་བ་ནི་ཅུང་མག་མོག་ཡིན་པས། HATS-6bལ་མཚོན་ན་གསལ་ཚད་ནི་ཉི་མའི་1/12ལས་མེད། HATS-6bགསར་དུ་རྙེད་པ་དེས་རྒྱུ་སྐར་དང་བརྟན་སྐར་རིགས་འདི་དག་གི་འཕོ་འགྱུར་གསལ་སྟོན་བྱས་ཏེ་གཞུང་ལུགས་ཀྱི་རྨང་གཞི་ངེས་ཅན་ཞིག་འདིང་ཐུབ། ཨོ་སི་ཐྲ་རི་ཡ་རྒྱལ་བཙུགས་སློབ་ཆེན་གྱི་ཞིབ་འཇུག་པ་འབུམ་རམས་པ་རྗོར་ཇི་ཡིས་བསམ་པར། HATS-6bམ་ལག་ནི་གཞི་རྒྱུ་ཅུང་ཆུང་བའི་སྐར་མའི་གོ་ལའི་མ་ལག་གཅིག་ཡིན་མོད། འོན་ཀྱང་དེའི་ནང་དུ་བོངས་ཚད་ཕལ་ཆེར་ཕུར་བུ་དང་མཉམ་པའི་རིམ་འདས་རྒྱུ་སྐར་ཞིག་ཡོད་ལ། རྒྱུ་སྐར་འཁོར་ལམ་HATS-6bདང་ཧ་ཅང་ཐག་ཉེ་བ་ཡོད་ཅེས་བཤད་འདུག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1