རྒྱ་གར་གྱི་ཙུང་ལི་མའོ་ཏི་ཡིས་པོད་ཕྲན་བེད་སྤྱད་དེ་ཀྲུང་གོའི་གྲོགས་པོ་ཚོར་འབྲེལ་བ་འཛུགས་འགོ་བརྩམས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-06


            སྤྱི་ཟླ་5པའི་ཚེས་4ཉིན། རྒྱ་གར་གྱི་ཙུང་ལི་མའོ་ཏི་ཡིས་ཀྲུང་གོ་རུ་པོད་ཕྲན་ཞིག་ཕྱེས་ཡོད་ཅིང་། ཉིན་འདིའི་ཕྱི་དྲོའི་དུས་ཚོད་12དང་སྐར་མ་30ཡི་ཐོག རྒྱ་གར་གྱི་ཙུང་ལི་མའོ་ཏི་ཡིས་པོད་ཕྲན་ཐོག་བཞག་པའི་ནང་དོན་དང་པོ་ནི། ཀྲུང་གོ་བ་རྣམས་སྐུ་ཁམས་བཟང་། པོད་ཕྲན་འདི་བརྒྱུད་ནས་ཀྲུང་གོའི་གྲོགས་པོ་ཚོ་དང་འབྲེལ་འདྲིས་བྱ་བའི་རེ་བ་ཡོད་ཅེས་པ་དེ་བཀོད་འདུག 

            ཁོང་གིས་པོད་ཕྲན་དུ་ཡི་གེ་ཉུང་ཉུང་ཞིག་ལས་བཀོད་མེད་ཀྱང་། མི་ཧ་ཅང་མང་པོ་ཞིག་གིས་དོ་སྣང་སླེབས་ཡོད་དེ། ཉིན་འདིའི་ཕྱི་དྲོའི་དུས་ཚོད་14ཡི་ཐོག ཁོང་ལ་དོ་སྣང་སྤྲོད་མཁན་གྱི་མི་གྲངས་ཁྲི་ལྷག་ལ་ཉེ་ཞིང་། ཁོང་གིས་བཀོད་པའི་ནང་དོན་དེར་དཔྱད་འཇོག་སྟོང་5ལས་བརྒལ་བ་ཞིག་བྱས་ཡོད། རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་ཀྲུང་གོ་རུ་པོད་ཕྲན་བེད་སྤྱོད་མཁན་གྱི་ཕྱི་རྒྱལ་སྲིད་གཞུང་གི་འགོ་ཁྲིད་མི་སྣ་ནི་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁ་མའེ་རོན་དང་ཨི་ཟི་རེལ་གྱི་སྲིད་འཛིན་ཕི་རེ་ཟི་བཅས་ཡོད་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1