གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༥ཚེས་༠༦ཉིན།

2015ལོའི་ཨེ་ཤ་ཡའི་རྐང་གྲུག་གླེང་སྟེགས་ཇོར་དན་དུ་བཙུགས།

མ་ར་ཌོ་ནའི་ཚོགས་རའི་ནང་དུ་ཞུགས་བཞིན་པའི་འདྲ་པར།

          སྤྱི་ཟླ་5པའི་ཚེས་3ཉིན།  སྤྱི་ལོ་2015ལོའི་ཨེ་ཤ་ཡའི་རྐང་གྲུག་གླེང་སྟེགས་དེ་ཇོར་དན་གྱི་འཆི་མཚོ་ཧོའུ་སེན་རྒྱལ་བོའི་གྲོས་ཚོགས་ལྟེ་གནས་སུ་འཚོགས་ཤིང་། ཇོར་དན་གྱི་དབུ་བཞུགས་བློན་ཆེན་ཨིན་སོར་ཚོགས་འདུའི་ཐོག་ཞུགས་ཡོད། ཇོར་དན་གྱི་ཆིན་ཝང་དང་རྒྱལ་སྤྱིའི་རྐང་གྲུག་མཉམ་འབྲེལ་ལྷན་ཚོགས་ཨེ་ཤ་ཡ་གླིང་ཁུལ་གྱི་སྤྱི་གཅོད་པ་གཞོན་པ་ཨ་ལི་ཧོའུ་སེན་གྱིས་གླེང་སྟེགས་ཐོག་གཏམ་བཤད་གནང་། ཨ་གིན་ཐིན་གྱི་རྐང་གྲུག་མི་སྣ་གྲགས་ཅན་མ་ར་ཌོ་ན་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོ་ནས་ཕེབས་པའི་མི་སྣ་850ཐེངས་འདིའི་གླེང་སྟེགས་སུ་མཉམ་ཞུགས་བྱས་ཡོད།

          ཐེངས་འདིའི་གླེང་སྟེགས་ཀྱིས། གྲོས་ཚོགས་སུ་ཕེབས་པའི་དཔོན་རིགས་དང་ཆེད་ལས་མི་སྣ་ཚོར་ཤར་ནུབ་ཀྱི་རྐང་གྲུག་འཕེལ་རྒྱས་འགྲོ་ཚུལ་ཐད་བགྲོ་གླེང་གནང་སའི་གླེང་སྟེགས་ཤིག་མཁོ་འདོན་བྱས་ཡོད་ལ། ཀྲུང་གོའི་རྐང་གྲུག་མཐུན་ཚོགས་ཁྲོམ་ར་པུའུ་ཡི་ཀྲུའུ་རེན་ལི་ཅིའུ་ཆོན་དང་ཕྱོགས་བསྡུས་ལས་ཁུངས་ཀྱི་ཀྲུའུ་རེན་ཀྲའོ་ཅིན་ཧྥུ་ལ་སོགས་པ་གླེང་སྟེགས་འདིར་ཞུགས་ཡོད། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1