༄༅། །ངོ་ལོ་སྟོང་ཕྲག་སྔོན་གྱི་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་བརྙན་ཆ་ཚང་བར་བསྒྲིགས་ཐུབ་པ་བྱུང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-07



འདི་ནི་ཐའེ་ཝན་གྱི་ཀའོ་ཞུང་འོད་སྐོར་རི་བོའི་འབྲེལ་ཡོད་སྡེ་ཁག་གིས་ཀྲུང་གོའི་སྐམ་ས་ཆེན་པོར་ཞལ་འདེབས་སུ་ཕུལ་བའི་རྒྱལ་རབས་བྱང་མའི་སྐབས་ཀྱི་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་བརྙན་གྱི་དབུ།


སྤྱི་ཟླ་5པའི་ཚེས་5ཉིན། པེ་ཅིང་གི་ཀྲུང་ཧྭ་དུས་རབས་གླེང་སྟེགས་ཁང་དུ་པར་བླངས་པའི་ཀྲུང་གོའི་རྒྱལ་རབས་བྱང་མའི་སྐབས་ཀྱི་གཡང་ཊི་དཀར་པོའི་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་བརྙན།

སྤྱི་ཟླ་5པའི་ཚེས་5ཉིན། པེ་ཅིང་གི་ཀྲུང་ཧྭ་དུས་རབས་གླེང་སྟེགས་ཁང་དུ་ལས་སྒྲུབ་མི་སྣ་ཚོས་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་བརྙན་བཞུགས་པའི་སྒམ་གྱི་སྒོ་ཕྱེས་བཞིན་པ།

            སྤྱི་ཟླ་5པའི་ཚེས་5ཉིན། མ་གཞི་ཧོ་པེ་དངོས་མང་བཤམས་སྟོན་གླིང་གི་ཆུས་དབྱང་རྡོ་བརྐོས་བཤམས་སྟོན་ཚོམས་ཆེན་དུ་བཞུགས་པའི་རྒྱལ་རབས་བྱང་མའི་སྐབས་ཀྱི་གཡང་ཊི་དཀར་པོའི་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་བརྙན་དེ་པེ་ཅིང་དུ་གྲངས་བཤེར་བྱས་རྗེས། ཐའེ་ཝན་སྐྱེལ་འདྲེན་གནང་ནས་ཀའོ་ཞུང་འོད་སྐོར་རི་བོའི་འབྲེལ་ཡོད་སྡེ་ཁག་གིས་ཀྲུང་གོའི་སྐམ་ས་ཆེན་པོར་ཞལ་འདེབས་སུ་ཕུལ་བའི་རྒྱལ་རབས་བྱང་མའི་སྐབས་ཀྱི་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་བརྙན་གྱི་དབུ་དང་མཉམ་དུ་སྦྱར་ནས་སྐུ་བརྙན་ཆ་ཚང་ཞིག་ཏུ་གཏང་རྒྱུ་རེད།

           གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། ཐའེ་ཝན་འོད་སྐོར་རི་བོའི་ཕྱོགས་ནས་དགེ་བའི་བྱ་བཞག་འདི་བསྒྲུབས་རྗེས་འགྲམ་ངོགས་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་ཆོག་མཆན་ཐོབ་པར་མ་ཟད། ཐའེ་ཝན་ཕྱོགས་དང་གྲོས་མོལ་གྱིས། རྒྱལ་ཁབ་རིག་དངོས་ཅུས་དང་འོད་སྐོར་རི་བོའི་རིག་དངོས་དགེ་རྩ་ཚོགས་པ་གཉིས་ཀྱིས་གྲོས་ཞུའི་ཡི་གེའི་ཐོག་མིང་རྟགས་བཀོད་ཡོད་དེ། ད་ནས་བཟུང་སྐུ་བརྙན་གྱི་དབུ་འདིའི་བདག་དབང་ཆ་ཚང་རྒྱལ་ཁབ་རིག་དངོས་ཅུས་ལ་ཡོད་པ་རེད། སྤྱི་ཟླ་5པ་ནས་སྤྱི་ཟླ་8པའི་བར་དུ། ཐའེ་ཝན་ཀའོ་ཞུང་གི་སྟོན་པ་ཤཱཀྱ་ཐུབ་པའི་དྲན་གསོ་ཁང་དུ་《ཧོ་པེ་ཞིང་ཆེན་ནང་ཆོས་རིག་དངོས་འགྲེམ་སྟོན།》མཛད་སྒོ་སྤེལ་རྒྱུ་ཡིན་པ་དང་། མཛད་སྒོ་འགོ་རྩོམ་པའི་དུས་དང་བསྟུན་ནས། རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་དང་ཧོ་པེ་དངོས་མང་བཤམས་སྟོན་གླིང་གཉིས་ཀྱིས་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་བརྙན་གྱི་དབུ་ཀྲུང་གོའི་སྐམ་ས་ཆེན་པོར་འབུལ་བའི་མཛད་སྒོ་སྤེལ་རྒྱུ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1