ཁྱད་ལྡན་ཐོན་ལས་ཀྱིས་མུ་ལི་རྫོང་གི་ཞིང་ལས་འཕེལ་རྒྱས་ཀྱི་ལེའུ་གསར་པ་བྲིས།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-07


          ཉེ་བའི་ལོ་འདི་འགའི་རིང་། མུ་ལི་རྫོང་གི་ཞིང་ལས་མགྱོགས་མྱུར་འཕེལ་རྒྱས་སོང་བ་དང་བསྟུན། རྫོང་ཡོངས་སུ་ཁྱད་ཆོས་ལྡན་པའི་ཞིང་ལས་ཀྱིས་ཡོངས་སུ་ཁྱབ་ཡོད། མུ་ལི་རྫོང་གིས་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱེད་བཞིན་པའི་སྐབས་སུ། ཞིང་ལས་ཚོད་ལྟའི་ས་གནས་འཛུགས་པ་དང་། གསོ་སྦྱོང་གཙོ་བོར་འཛིན་པ།  ཚོང་ལས་འབྲེལ་ལམ་གཏོད་པ། ཞིང་ལས་རྟེན་གཞི་འཛུགས་པ། ཁྱད་ལྡན་ཐོན་རྫས་བཟོ་བ། ཡོང་འབབ་འཕར་སྣོན་གཏང་བ་བཅས་ཀྱི་རིག་ལམ་གསར་པ་གཏན་འབེབས་བྱས་ཏེ། ཤིང་འབྲས་སྡོང་་འབྲས་བུས་ཁུར་གྱིས་དུད། སྔོ་ཚལ་གཙང་མའི་རིགས་ཀྱིས་ལྡུམ་ར་བཀང་། སྨན་རྩྭ་གྲགས་ཅན་འདེབས་ཞིང་ནད་རིགས་འཇོམས་ཞེས་པའི་འཕེལ་རྒྱས་ཀྱི་འབོད་ཚིག་བཏོན་ཏེ། ཁྱད་ལྡན་ཐོན་ལས་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་པ་དང་། ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཞིག་བྲིས་ཡོད།

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1