ཨི་ཐ་ལིའི་བུད་མེད་དབྱིངས་བསྐྱོད་པས་བར་སྣང་ས་ཚིགས་སུ་ཁོ་ཧྥེ་སྦང་བ་དེས་འཛམ་གླིང་གི་ཟིན་ཐོ་བསྐྲུན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-07


འདྲ་པར་འདི་ནི་བུད་མེད་དབྱིངས་བསྐྱོད་པས་བར་སྣང་ས་ཚིགས་སུ་ཁོ་ཧྥེ་འཐུང་བཞིན་པའི་ཚུལ་རེད།

            རྒྱལ་སྤྱིའི་འཕྲིན་སྦྱོར་ཐོག་གནས་ཚུལ་སྤེལ་བ་ལྟར་ན།  ཉེ་ཆར།  ཨི་ཐ་ལིའི་བུད་མེད་དབྱིངས་བསྐྱོད་པ་ཁུ་རེ་སི་ཐྲོ་ཧྥོར་རེ་ཐེ་(Samantha Cristoforetti)ཡིས་མཁའ་དབྱིངས་སུ་ཁོ་ཧྥེ་འཕྲུལ་ཆས་སྤྱད་དེ་ཁོ་ཧྥེ་ཕོར་བ་གང་སྦང་ཞིང་ཁོ་ཧྥེ་ཡི་བྲོ་བ་མྱང་བ་རེད། དེར་བརྟེན་ནས་ཁོ་མོ་ནི་འཛམ་གླིང་ཐོག་བར་སྣང་ས་ཚིགས་སུ་ཁོ་ཧྥེ་སྐོལ་མཁན་གྱི་མི་ཐོག་མ་དེ་ཆགས་པ་རེད།

            གནས་ཚུལ་སྤེལ་བ་ལྟར་ན།  ཉིན་དེར་བུད་མེད་དབྱིངས་བསྐྱོད་པ་འདིས་མཁའ་དབྱིངས་སུ་ཨི་ཐ་ལིའི་ཁོ་ཧྥེ་འཕྲུལ་ཆས་དང་པོ་དེ་སྤྱད་ནས་ཁོ་ཧྥེ་སྦང་ཞིང་། ཆེད་དུ་བཟོས་པའི་ཕོར་བའི་ནང་ཁོ་ཧྥེ་བླུགས་རྗེས།པར་ཆས་ཀྱི་མདུན་དུ་གདོང་ལ་འཛུལ་གདངས་ཀྱིས་ཁེངས་བཞིན་ཁོ་ཧྥེ་ཡི་རོ་མྱང་བར་མ་ཟད། མཁའ་དབྱིངས་ནས་འདྲ་པར་དྲ་ལམ་དུ་བརྒྱུད་སྐུར་བྱས་འདུག །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1