བོད་ཀྱི་ན་གཞོན་རྐང་གྲུག་རུ་ཁག་རུ་ཁག་ཐོག་མ་སི་ཁྲོན་དུ་བཙུགས།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 05-07


སྤྱི་ཟླ་6པའི་ཚེས་16ཉིན། ནུབ་རྒྱུད་ངལ་གསོ་ས་ཚུགས་ཐང་རྒོད་རྐང་གྲུག་རུ་ཁག་གི་རུ་མི་ཞིག་གིས་ཧུང་ཡོན་རྫོང་ཁྱུང་མཆུ་གྲོང་རྡལ་གྱི་སློབ་ཆུང་གི་རྐང་གྲུག་ཐང་དུ་སྦྱོང་བརྡར་བྱེད་བཞིན་པ།

           སྤྱི་ཟླ་6པའི་ཚེས་1ཉིན། ནུབ་རྒྱུད་ངལ་གསོ་ས་ཚུགས་ཐང་རྒོད་རྐང་གྲུག་རུ་ཁག་དེ་ཧུང་ཡོན་རྫོང་ཁྱུང་མཆུ་གྲོང་རྡལ་གྱི་སློབ་ཆུང་དུ་བཙུགས་ཤིང་། རྐང་གྲུག་རུ་ཁག་འདི་ནི་སློབ་ཆུང་འདིའི་ལོ་རིམ་གཉིས་པ་ནས་ལྔ་བའི་བར་དུ་ལུས་སྟོབས་བཟང་ཞིང་རྐང་གྲུག་ལུས་རྩལ་ལ་དགའ་ཕྱོགས་ཡོད་པའི་བོད་ཕྲུག་སློབ་མ་40བདམས་ཏེ་སི་ཁྲོན་གྱི་ཆེས་ཐོག་མའི་བོད་རིགས་ན་གཞོན་རྐང་གྲུག་རུ་ཁག་ཅིག་ཏུ་གྲུབ་པ་ཡིན་ལ།  རྐང་གྲུག་རུ་ཁག་འདིས་བོད་ཁུལ་གྱི་ན་ཆུང་བྱིས་པ་ཚོའི་རྐང་གྲུག་གི་ཕུགས་འདུན་མངོན་འགྱུར་ཡོང་བར་སྟེགས་བུ་ཞིག་བསྐྲུན་ཡོད། རུ་ཁག་འདིར་ལུས་རྩལ་དགེ་རྒན་4ཡིས་སྦྱོང་ཁྲིད་པ་བྱས་ཤིང་། ཉིན་མ་རེའི་སྔ་དྲོར་ལུས་རྩལ་སྦྱོང་བརྡར་དང་། ཕྱི་དྲོར་ནུས་རྩལ་སྦྱོང་བརྡར་བྱེད་བཞིན་ཡོད། སྤྱིར་བཏང་ཉིན་རེར་དུས་ཚོད་2རེ་ལ་འཆར་ཅན་སྦྱོང་བརྡར་བྱེད་བཞིན་ཡོད་པ་རེད།


          ཧུང་ཡོན་རྫོང་ནི་མཚོ་བོད་མཐོ་སྒང་དུ་གནས་པའི་སྤང་ལྗོངས་ཤིན་ཏུ་ལེགས་པའི་རྫོང་ཞིག་ཡིན་ལ། འདི་གའི་བོད་རིགས་ན་གཞོན་དག་ནི་ཆུང་དུས་ནས་ལུས་སྟོབས་བཟང་ཞིང་། རྩལ་འགྲན་གྱི་འདུ་ཤེས་དང་རྣམ་པར་རྒྱལ་བའི་འདུ་ཤེས་ལྷན་སྐྱེས་སུ་མངའ་བ་ཞིག་རེད། ཧུང་ཡོན་རྫོང་ཁྱུང་མཆུ་གྲོང་རྡལ་གྱི་སློབ་ཆུང་དུ་སྔོན་མ་ནས་བཟུང་རྐང་གྲུག་ལ་དགའ་མོས་ཆེ་བའི་འཛིན་གྲྭ་ཡོད་པས། ནུབ་རྒྱུད་ངལ་གསོ་ས་ཚུགས་ཐང་རྒོད་རྐང་གྲུག་རུ་ཁག་ཀྱང་འཛིན་གྲྭ་དེའི་རྨང་གཞིའི་ཐོག་བཙུགས་པ་ཞིག་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1