སི་ཁྲོན་གཤོང་སར་ཨེ་ཤེ་ཡའི་སྣུམ་རླངས་ཁྲོན་པ་གཏིང་རིང་ཤོས་དྲུས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-08


        ཉེ་ཆར། ཀྲུང་གོ་རྡོ་སྣུམ་ལྷོ་ནུབ་སྣུམ་ཞིང་རླངས་ཞིང་ཀུང་སིའི་ཧྥུང་ལའེ་རླངས་ཁུལ་དུ་གནས་པའི་ཧྥེང་ཧྲེན་ཁྲོན་པ་6པ་གསོར་འབིགས་ལེགས་གྲུབ་བྱུང་བ་དང་ཁྲོན་པ་བརྟན་དུ་བཏང་ཞིང་། ཁྲོན་པའི་གཏིང་ཟབ་ཤོས་ལ་སྨི་9026ཟིན་ནས་ཨེ་ཤེ་ཡའི་ཁྲོན་པ་ཟབ་ཤོས་ཀྱི་ཟིན་ཐོ་གསར་པ་བཏོད་པ་རེད།

        ཧྥེང་ཧྲེན་གྱི་ཁྲོན་པ་6པ་ནི་མེན་དབྱང་གྲོང་ཁྱེར་ཡན་ཐིན་རྫོང་ཁོངས་སུ་གནས་ཤིང་། 2021ལོའི་ཟླ་7ཚེས་5ཉིན་འདྲུ་འགོ་ཚུགས་ཏེ། དེ་སྔ་ཁྲོན་པའི་ཟབ་ཚད་སྨི་7990ཇུས་འགོད་བྱས་མོད། སྒྲོན་བརྙན་ཚོགས་ཆུང་གིས་གཏིང་ཟབ་པའི་ས་རིམ་དུ་སྣུམ་རླངས་ཡོད་མེད་འཚོལ་ཞིབ་བྱ་ཆེད། མཐར་ཁྲོན་པ་སྨི་9026བར་དྲུས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1