གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༥ཚེས་༡༢ཉིན།

༄༅། །ཆོས་སྐྱིད་སྒྲོལ་མས་ཡ་གླིང་ན་གཞོན་འདུར་རྒྱུག་འགྲན་བསྡུར་ཁྲོད་ཨང་གཉིས་པ་བླངས།

     སྤྱི་ཟླ་5པའི་ཚེས་9ཉིན། མཚོ་སྔོན་མགོ་ལོག་རྨ་ཆེན་རྟ་བོ་གྲོང་གི་བུ་མོ་ཆོས་སྐྱིད་སྒྲོལ་མས་ཡ་གླིང་ན་གཞོན་མཆོང་རྒྱུག་གཟེངས་རྟགས་རྩོད་ལེན་ཁྲོད་འདུར་རྒྱུག་འགྲན་སྡུར་གྱི་ཨང་གཉིས་པ་བླངས་འདུག གནས་དེ་གའི་ཡ་གླིང་ན་གཞོན་མཆོང་རྒྱུག་འགྲན་སྡུར་ཁྲོད་ཞུགས་པའི་མཚོ་སྔོན་ལུས་རྩལ་སློབ་ཆེན་གྱི་སློབ་མ་ཆོས་སྐྱིད་སྒྲོལ་མས་ཉིན་དེའི་སྔ་དྲོའི་སྨི་500ཅན་གྱི་འདུར་རྒྱུག་འགྲན་སྡུར་ཁྲོད་ཨང་གཉིས་པ་བླངས་འདུག

            གསར་ལམ་ཁག་ཏུ། ཆོས་སྐྱིད་སྒྲོལ་མ་2012ལོར་མཚོ་སྔོན་ཞིང་ཆེན་ལུས་རྩལ་སློབ་ཆེན་གྱི་འདུར་རྒྱུག་རུ་ཁག་ཏུ་ཞུགས་པ་དང་། 2014ལོར་རྒྱལ་ཁབ་ཨོ་རྩལ་འགྲན་ཚོགས་ཐོག་ཞུགས་མི་སྦྱོང་བརྡར་ལྟེ་གནས་ནས་ཡ་གླིང་ན་གཞོན་མཆོང་རྒྱུག་གཟེངས་རྟགས་རྩོད་ལེན་གྱི་ལུས་རྩལ་བར་བདམས་ཐོན་བྱུང་ཡོད། ཆོས་སྐྱིད་སྒྲོལ་མ་ཡང་རྒྱལ་ཁབ་ལུས་རྩལ་ཅུས་ཀྱི་མཆོང་རྒྱུག་སྡེ་ཁག་གི་ན་གཞོན་ཚོགས་པས་ཆེད་མངགས་ཀྱིས་རྒྱལ་ཚབ་བྱས་ཏེ་འགྲན་རྩོད་དུ་ཞུགས་པའི་ཚུལ། དེ་མིན་རྒྱལ་ཁབ་ལུས་རྩལ་ཅུས་མཆོང་རྒྱུག་ལུས་རྩལ་སྡེ་ཁག་ན་གཞོན་ཚོགས་པས་གཟིགས་སྐྱོང་ཐོབ་པ་འདི་ལོ་འདི་དག་ལ་མོའི་གྲུབ་འབྲས་དང་འབྲལ་ཐབས་མེད་སྐོར་སོགས་བརྗོད་འདུག 

39.7K

རྩོམ་ཡིག་སྔོན་མ།
རྩོམ་ཡིག་རྗེས་མ།

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1