གཙང་གསུམ་འབྱུང་ཡུལ་གྱིས་ཚན་རྩལ་ལ་བརྟེན་ནས་ཆུའི་ཐོན་ཁུངས་སྲུང་སྐྱོང་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 03-29



        གཙང་གསུམ་འབྱུང་ཡུལ་ནི་མཚོ་བོད་མཐོ་སྒང་གི་དབུས་ཁུལ་དང་མཚོ་སྔོན་ཞིང་ཆེན་གྱི་ལྷོ་རྒྱུད་དུ་གནས་ཤིང་། དེ་ནི་འབྲི་ཆུ་དང་རྨ་ཆུ། རྫ་ཆུའི་འབྱུང་ཡུལ་ཡིན་པས“ཀྲུང་ཧྭའི་ཆུ་མཛོད”ཅེས་བརྗོད་ཀྱིན་ཡོད། རང་རྒྱལ་གྱི་ཚྭ་མེད་ཆུའི་ཐོན་ཁུངས་ཀྱི་ཁ་གསབ་ཁུལ་གལ་ཆེན་ཡིན།

        དུས་ཡུན་རིང་པོའི་ནང་། ས་ཁོངས་རྒྱ་ཆེ་ཞིང་འགྲིམ་འགྲུལ་སྟབས་བདེ་མིན་པ། འབྱུང་ཡུལ་གྱི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་སྲུང་སྐྱོང་གི་འཕོ་འགྱུར་དལ་ཞིང་དུས་ཚོད་བེད་སྤྱོད་རིང་བ། ཁེབས་རིམ་ངོས་དོག་པ་སོགས་ཀྱི་གནད་དོན་གྱིས་ཆུའི་ཐོན་ཁུངས་ཀྱི་སྤུས་ཚད་མཐོ་བའི་སྲུང་སྐྱོང་ལ་ཚོད་འཛིན་ཐེབས་ཡོད། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནི་གཙང་བོའི་འབྱུང་ཡུལ་དུ་གནས་ཤིང་། ཉེ་བའི་ལོ་འགའི་རིང་ཚན་རྩལ་བྱེད་ཐབས་ལ་བརྟེན་ནས་མུ་མཐུད་དུ་ཆུའི་ཐོན་ཁུངས་སྲུང་སྐྱོང་ལ་ཤུགས་བསྣན་པ་རེད།

འདི་ནི་ལྟ་ཞིབ་ཚད་ལེན་གཟིགས་བརྙན་ཡིན།

        “འབྱུང་ཡུལ་སྒེའུ་ཁུང”ཞེས་པ་ནི་དེའི་ནང་གི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། “འབྱུང་ཡུལ་སྒེའུ་ཁུང”ནི་ཡུས་ཧྲུའུ་ཁུལ་གྱིས་འཛུགས་སྐྲུན་བྱས་པའི་དྲ་རྒྱའི་བརྙན་ལམ་ལྟ་ཞིབ་ཚད་ལེན་མ་ལག་ཅིག་ཡིན་ཞིང་། དེ་ནི་ལྟ་ཞིབ་ཚད་འཇལ་ས་ཚིགས་མང་པོས་བར་སྣང་ནས་ལྟ་ཞིབ་བྱེད་པའི་བརྙན་གཟུགས་བརྙན་ལེན་འཕྲུལ་ཆས་ཤིག་ཡིན་པ་མ་ཟད། དུས་ལྟར་ཆེད་དྲ་བརྒྱུད་འདྲེན་དང་གཅིག་གྱུར་དོ་དམ་ཚོད་འཛིན་སྟེགས་བུ་བཅས་ལས་གྲུབ་ཡོད་པས། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དྲ་རྒྱའི་གྲུབ་ཆ་གཙོ་བོ་ཡིན།

        ཡུས་ཧྲུའུ་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཀྲང་པའོ་ཡིས། ཡུས་ཧྲུའུ་རང་གིས་འཛུགས་སྐྲུན་བྱས་པ་དང་མཚོ་སྔོན་གྱི“སྐྱེ་ཁམས་སྒེའུ་ཁུང”མཉམ་སྤྱོད་ཀྱི་གྲུབ་ཆ་འགའི་དྲ་ཚིགས་ལ་བརྟེན་ནས། མིག་སྔར་ས་ཁོངས་ནང་དུ་ལྟ་ཞིབ་ཚད་ལེན་ས་ཚིགས35ཁེབས་ཡོད་པས། དཔེ་མཚོན་ས་ཁོངས་ཀྱི་སྐྱེ་ཁམས་རིགས་དང་། རང་བྱུང་ཡུལ་ལྗོངས་དང་རི་སྐྱེས་སྲོག་ཆགས་ཀྱི“བར་ཐག་རིང་བ། ཁྱབ་རྒྱ་ཆེ་བ། ཕྱོགས་ཡོངས”ལ་བརྙན་ལམ་ནས་དུས་ལྟར་ལྟ་ཞིབ་བྱེད་པ་མངོན་འགྱུར་བྱུང་ནས། “གནམ་ས་གཞི་གཅིག་ཅན”གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དྲ་རྒྱའི་མ་ལག་གྲུབ་ཡོད། “སྟེགས་བུ་འདི་བེད་སྤྱད་པ་ནས་བཟུང་། རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟ་ཞིབ་དོ་དམ་དང་དངོས་རིགས་སྣ་མང་རང་བཞིན་ལ་ལྟ་ཞིབ་ཚད་ལེན་བྱེད་ཐུབ་པ་མ་ཟད། འབྱུང་ཡུལ་ཁུལ་གྱི་ཆུའི་སྐྱེ་ཁམས་ལ་ཡང་སྲུང་སྐྱོང་བྱས་ཡོད”ཟེར།

ལས་དོན་མི་སྣས་བརྙན་ལམ་ལྟ་ཞིབ་ཚད་ལེན་མ་ལག་སྤྱོད་བཞིན་པ།

        ཡུས་ཧྲུའུ་ཁུལ་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ནི་མཚོ་སྔོན་ལྷོ་རྒྱུད་ཀྱི་ཁོར་ཡུག་ལྟ་ཞིབ་ཚད་ལེན་ཐོབ་ཐང་ལྡན་པའི་ལྟ་ཞིབ་ཚད་ལེན་ས་ཚིགས་གཅིག་པུ་ཡིན་ལ། རིགས་ཆེན་པོ6གི་རྣམ་གྲངས67(ཐེངས211)ལ་ལྟ་ཞིབ་བྱེད་ཐུབ་པའི་ནུས་པ་ལྡན་པ་མ་ཟད། ཁུལ་ཡོངས་ཀྱི་བཙོག་ཆུ་ཐག་གཅོད་བཟོ་གྲྭའི་བཙོག་འབུད་མདོ་ཁར་དུས་ལྟར་ལྟ་ཞིབ་ཚད་འཇལ་བྱེད་ཐུབ། ཆུ་བཟང་ངན་རང་འགུལ་ལྟ་ཞིབ་ཚད་ལེན་ས་ཚིགས་ལ་བརྟེན་ནས། གཙང་གསུམ་འབྱུང་ཡུལ་ས་ཁུལ་དུ་ཡང་གཙང་ཆུ་གལ་ཆེན་དང་། འབབ་རྒྱུད་གཙོ་བོར་དུས་ལྟར་ལྟ་ཞིབ་དང་ཆུ་བོ་བཙོག་བཟོ་གནད་དོན་གྱི་སྔོན་ཚུད་ཉེན་བརྡ་དང་སྔོན་ལ་ཡར་ཞུ་བྱེད་པ་མངོན་འགྱུར་བྱུང་།

ལས་དོན་མི་སྣ་གཉིས་ཀྱིས་ཆུའི་བཟང་ངན་ལ་དབྱེ་འབྱེད་བྱེད་བཞིན་པ།

        ཚན་རྩལ་སྟོབས་ཤུགས་རྒྱུན་མཐུད་ངང་ལས་དོན་ནང་ཞུགས་པ་དང་བསྟུན། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་རིམ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད། ལོ་མང་པོའི་རིང་། ཡུས་ཧྲུའུ་མངའ་ཁོངས་ཀྱི་ཆུའི་སྤུས་ཚད་ཡུན་རིང་ཞིག་ལ་རིམ་པ་གཉིས་ཡན་ཟིན་པ་དང་། ཆུའི་སྤུས་ཚད་ཀྱི་བླང་བྱ་མཐོ་བའི་ཆུ་སྲམ་ཡང་ཡུས་ཧྲུའུ་གྲོང་ཁྱེར་ཆུ་ལམ་དུ་ཐེངས་མང་ལ་མངོན་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1