༄༅། །བཀྲ་ཤིས་ཚེ་རྒྱལ་གྱི་གློག་བརྙན་བརྩམས་ཆོས་《ཤེལ་རིལ།》ཞེས་པར་གཏམ་རྒྱུད་ཡག་ཤོས་གྱི་གློག་བརྙན་བཟང་བསྟོད་བྱ་དགའ་ཆེས་མཐོ་ཤོས་དང་ཁོང་ལ་ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ་ཐོབ་འདུག

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-12


         ད་ལོའི་པེ་ཅིང་སློབ་ཆེན་སློབ་མའི་གློག་བརྙན་དུས་ཆེན་གྱི་འགྲན་བསྡུར་ཁྲོད་དུ་རྒྱལ་ཕྱི་ནང་གི་སློབ་ཆེན་600ལྷག་ནས་ཐོན་པའི་གློག་བརྙན་བརྩམས་ཆོས་ཁྱོན་3612ཙམ་བསྡུས་ཡོད་ལ། འགྲན་བསྡུར་ནང་དངོས་སུ་ཚུད་པའི་གློག་བརྙན་300ལྷག་བྱུང་། དེ་ནས་ཆེད་མཁས་པ་དག་གིས་དྲང་བཞག་དང་དཔྱད་བརྗོད་རབ་དང་རིམ་པ་བརྒྱུད་མཇུག་མཐའི་བྱ་དགའི་མིང་ཐོ་ནང་དུ་ཚུད་པའི་གློག་བརྙན་18བདམས་ཐོན་བྱུང་། དེ་ལས་པེ་ཅིང་གློག་བརྙན་སློབ་གླིང་གི་འཁྲབ་ཁྲིད་སྡེ་ཁག་གི་བོད་རིགས་གློག་བརྙན་དོན་གཉེར་པ་བཀྲ་ཤིས་ཚེ་རྒྱལ་གྱི་ཐོག་མའི་གློག་བརྙན་བརྩམས་ཆོས་ཤེལ་རིལ།ཞེས་པ་དེ་ལ་གཏམ་རྒྱུད་ཡག་ཤོས་གྱི་གློག་བརྙན་བཟང་བསྟོད་བྱ་དགའ་ཆེས་མཐོ་ཤོས་དང་ཁོང་ལ་ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ་ཐོབ་འདུག

 

          སྐུ་ཞབས་བཀྲ་ཤིས་ཚེ་རྒྱལ་གྱི་ཐོག་མའི་གློག་བརྙན་ཤེལ་རིལ།ཞེས་པ་འདི་ནི་གུ་གེ་གློག་བརྙན་གྱིས་ཕབ་སྐྲུན་བྱས་ཤིང་། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་འཚོ་བ། རིག་གནས་སོགས་རྒྱབ་ལྗོངས་བྱས་ནས། བོད་ཀྱི་ན་ཆུང་བྱིས་པ་དག་གི་ལྷད་མེད་དྭངས་གཙང་གི་སེམས་ཁམས་དང་། འགན་འཁྲིའི་འདུ་ཤེས་བརྗོད་བྱ་བྱས་ནས་ཕབ་སྐྲུན་བྱས་པའི་གློག་བརྙན་ཁྱད་པར་བ་ཞིག་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1