བལ་ཡུལ་དུ་ཡང་བསྐྱར་ཚད་རིམ་7.4ཅན་གྱི་ས་འགུལ་བྱུང་འདུག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-12


          སྤྱི་ཟླ་5པའི་ཚེས་12ཉིན། ས་གནས་ཆུ་ཚོད་12དང་སྐར་མ་50ཡི་ཐོག བལ་ཡུལ་དུ་ཡང་བསྐྱར་ཚད་རིམ་7.4ཅན་གྱི་ས་འགུལ་བྱུང་ཡོད་ལ། རྒྱལ་ས་ཀ་ཏ་མན་ཏུ་ས་འགུལ་བྱུང་བའི་ཚོར་སྣང་དྲག་པོ་སླེབས་འདུག སྐར་ཆ་བཅུ་ཙམ་ལ་ས་ངོས་གཡོ་འགུལ་ཐེབས་ཡོད། སྟབས་སྟབས་པོར་མི་རྣམས་སྲང་ལམ་དུ་འདུས་ནས་ཉེན་ཁར་བྱོལ་ཐབས་བྱེད་བཞིན་འདུག རྒྱ་གར་གྱི་རྒྱལ་ས་དྷེ་ལི་གསར་པ་རུའང་ས་འགུལ་གྱི་ཚོར་སྣང་དྲག་པོ་སླེབས་འདུག འཛུགས་སྐྲུན་བཟོ་བཀོད་དག་གཡོ་འགུལ་ཐེབས་ཡོད་འདུག  


        ཨ་རིའི་ས་རྒྱུས་རྟོག་ཞིབ་ཁང་གིས། ཐེངས་འདིའི་ཚད་རིམ་7.4ཅན་གྱི་ས་འགུལ་འདིའི་འགུལ་ལྟེའི་ཟབ་ཚད་ལ་སྤྱི་ལེ་18.5ཡོད་པ་དང་། འགུལ་ལྟེ་ནི་རི་བོ་ཇོ་མོ་གླང་མའི་རི་འཛེགས་སྒར་གྱི་མཐའ་འཁོར་དུ་འདུག་ཅེས་གནས་ཚུལ་སྤེལ་འདུག

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1