ཀྲུང་བལ་མཐའ་མཚམས་དུ་ཡང་བསྐྱར་ཚད་རིམ་7.4ཅན་གྱི་ས་འགུལ་བྱུང་ནས་ས་གནས་མང་ཚོགས་ལ་ཤི་རྨས་ཐེབས་འདུག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-13


ས་འགུལ་ཁྲོད་རྨས་སྐྱོན་ཕོག་པའི་བལ་ཡུལ་གྱི་མི་སེར་ལ་མྱུར་སྐྱོབ་བྱེད་བཞིན་པ།

           སྤྱི་ཟླ་5པའི་ཚེས་12ཉིན། ཆུ་ཚོད་12དང་སྐར་མ་50ཡི་ཐོག བལ་ཡུལ་དུ་ཡང་བསྐྱར་ཚད་རིམ་7.4ཅན་གྱི་ས་འགུལ་བྱུང་ཡོད་ལ། རྒྱལ་ས་ཀ་ཏ་མན་ཏུ་ས་འགུལ་བྱུང་བའི་ཚོར་སྣང་དྲག་པོ་སླེབས་འདུག སྐར་ཆ་བཅུ་ཙམ་ལ་ས་ངོས་གཡོ་འགུལ་ཐེབས་ཡོད། སྟབས་སྟབས་པོར་མི་རྣམས་སྲང་ལམ་དུ་འདུས་ནས་ཉེན་ཁར་བྱོལ་ཐབས་བྱེད་བཞིན་འདུག རྒྱ་གར་གྱི་རྒྱལ་ས་དྷེ་ལི་གསར་པ་རུའང་ས་འགུལ་གྱི་ཚོར་སྣང་དྲག་པོ་སླེབས་འདུག འཛུགས་སྐྲུན་བཟོ་བཀོད་དག་གཡོ་འགུལ་ཐེབས་ཡོད་འདུག ཡོ་རོབ་གླིང་གི་ས་དབུས་རྒྱ་མཚོའི་ས་འགུལ་རྟོག་དཔྱོད་ལྟེ་གནས་ཀྱིས་ཐེངས་འདིའི་ས་འགུལ་ནི་ཚད་རིམ་7.1ཡིན་པ་དང་འགུལ་ཁུངས་ཀྱི་ཟབ་ཚད་ལ་སྟོང་སྨི་2འདུག་ཅེས་བཀོད་འདུག


ས་འགུལ་ཁྲོད་ཀྲུང་བལ་མཐའ་མཚམས་ཀྱི་སྐྱིད་ལུང་གི་རི་ངོས་ཀྱི་རྡོ་ལྷུང་བཞིན་པའི་ཡུལ་དངོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1