​གཟི་རྩ་སྡེ་དགུའི་རྫོང་ཁོངས་ཀྱི་སྨན་བཅོས་འཕྲོད་བསྟེན།

བདེ་སྐྱིད་པད་མོ། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།རྔ་སྒྲ། སྤེལ་དུས། 04-12


གཟི་རྩ་སྡེ་དགུའི་རྫོང་ཁོངས་ཀྱི་སྨན་བཅོས་འཕྲོད་བསྟེན་གྱི་ལྟེ་ཕལ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ།

        གཟི་རྩ་སྡེ་དགུ་རྫོང་གཙང་རྩ་གྲོང་རྡལ་འཕྲོད་བསྟེན་ཁང(གཟི་རྩ་སྡེ་དགུ་རྫོང་མི་དམངས་སྨན་ཁང་གཉིས་པ)ནི་གཟི་རྩ་སྡེ་དགུའི་ལྟེ་བའི་མཛེས་ལྗོངས་ཁུལ་དུ་གནས་པ་དང་། འཕྲལ་བཅོས་དང་མྱུར་སྐྱོབ་གཙོ་གཉེར་གྱི་རིམ་པ་དང་བོའི་ཕྱོགས་བསྡུས་སྨན་ཁང་ཞིག་ཡིན། སྨན་ཁང་གིས“བྱམས་སེམས་དང་། ལས་བཀུར། ཧུར་བརྩོན། གསར་གཏོད”བཅས་ཀྱི་སྨན་ཁང་གི་སྙིང་སྟོབས་ཐོག་མཐའ་བར་གསུམ་དུ་རྒྱུད་འཛིན་བྱས་ཡོད་ལ། སྨན་ཁང་གི་དོ་དམ་ཆུ་ཚད་དང་སྨན་བཅོས་ལག་རྩལ་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་ཟུང་འབྲེལ་བྱས་ཏེ། སྤུས་ལེགས་ཀྱི་ཞབས་ཞུ་དང་སྣང་བརྙན་བཟང་བོར་བརྟེན་ནས་ས་གནས་དེའི་མང་ཚོགས་ཀྱི་གདེང་འཇོག་བཟང་བོ་ཐོབ།

        གཟི་རྩ་སྡེ་དགུ་རྫོང་མི་དམངས་སྨན་ཁང་གཉིས་པས་རྫོང་ཁོངས་ཀྱི་སྨན་བཅོས་ལྟེ་གནས་འཛུགས་རྒྱུའི་གོ་སྐབས་དང་བསྟུན་ནས། རྨང་གཞིའི་སྒྲིག་བཀོད་བརྟན་དུ་བཏང་བ་དང་རྫོང་ཁོངས་ཀྱི་མྱུར་སྐྱོབ་5Gཡི་དྲ་རྒྱ་སྟེགས་བུ་བསྐྲུན་ནས་དངོས་ཐོག་མྱུར་སྐྱོབ་དང་། བརྒྱུད་འདྲེན་གྱི་བརྒྱུད་རིམ་ཧྲིལ་བོར་དུས་ཐོག་ཏུ་ལྟ་སྐུལ་ཚོད་འཛིན་དང་བཀོད་འདོམས་བྱས། ཉེ་བའི་ལོ་ཤས་རིང་། སྨན་ཁང་དུ་མྱུར་སྐྱོབ་སྒྲིག་ཆས་གསར་དུ་བསྣན། དཔེར་ན་སྙིང་དང་གློ་བའི་སླར་གསོ་འཕྲུལ་འཁོར། མཐོང་རུང་ཨོལ་མེ་ལོང་། POCT(ཉལ་ཁྲིའི་འགྲམ་གྱི་བརྟག་དཔྱད)སྒྲིག་ཆས་དང་ཕོ་རྒྱུ་མེ་ལོང་སོགས་གྱི་ལག་རྩལ་གསར་བ་ཁྱབ་གདལ་བཏང་ཞིང་། སྨན་ཁང་གི་མྱུར་སྐྱོབ་བརྒྱུད་རིམ་ལེགས་སུ་བཏང་བ་བརྒྱུད། གཤག་བཅོས་ཁང་གི་རིམ་པ་དང་ནད་ཁང་རིམ་པ་མཐོ་རུ་ཕྱིན་ལ། འཕྲལ་བཅོས་མྱུར་སྐྱོབ་ཆུ་ཚད་དང་སྨན་ཁང་གི་ཞབས་ཞུའི་ནུས་པ་སྔར་ལས་མཐོ་རུ་ཕྱིན། ལྗོངས་སྐོར་གྱི་འཕྲལ་སྡོམ་སྨན་བཅོས་དང་ཁོངས་གཏོགས་མི་ཚོགས་ཀྱི་བདེ་ཐང་འགན་ལེན་ལ་རྨང་གཞི་བརྟན་པོ་བཏིང་།

        “1+N”བདེ་ཐང་དོ་དམ་གྱི་རྩིས་ཁྲ་བཟོ་བ་དང་། རྫོང་དང་། གྲོང་རྡལ། ཡུལ་ཚོ་བཅས་རིམ་གསུམ་ཞབས་ཞུའི་དྲ་བའི་གཞི་གྲངས་གསལ་བོ་དང་། གནས་ཚུལ་གསལ་བོ་བཟོས་ནས། ཁྱོན་བསྡོམས་མི་10012ལ་ཡིག་ཚགས་བཟོས། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དང་། འབྲེལ་གཉིས་སྒྲོག་གཅིག  ཁྱིམ་ཚང་སྨན་པའི་གན་རྒྱའི་ཞབས་ཞུ། “ངས་མང་ཚོགས་ལ་དངོས་དོན་བསྒྲུབ་པ”སོགས་གོ་སྐབས་སུ་བཟུང་ནས། ཐོན་ཁུངས་སྤུས་ལེགས་གཞི་རིམ་དུ་སྐྱོད་པ་དང་། སྐོར་སྐྱོད་སྨན་བཅོས་སོགས་ཀྱི་བྱེད་སྒོ་སྤེལ། རང་འགུལ་ངང་ལྟ་ཞིབ་ཚད་ལེན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། དུས་བཀག་ལྟར་ཁྱིམ་དུ་བསྐྱོད་ནས་ཁྲག་ཤེད་ལྟ་བ་དང་ཁྱད་ལྡན་གྱི་སྨན་བཅོས་ཇུས་གཞི་བཟོ་བ་དང་། དགོས་མཁོ་གཞིར་བཟུང་ནས་སྨན་སྐྱེལ་བ། བཟའ་བཏུང་གི་གནས་ཚུལ་ལ་ལྟ་སྐུལ་བྱེད་པ། གཅིག་གཏད་གཅིག་དང་ངོ་ཐུག་གདོང་འཕྲད་ངང་བདེ་ཐང་དྲིལ་སྒྲོག་བྱས། བདེ་ཐང་གི་གཟི་རྩ་སྡེ་དགུ་འཛུགས་སྐྲུན་ལ་དམིགས་ཏེ། བདེ་ཐང་གི་དབུལ་སྐྱོར་སྲིད་ཇུས་དང་།  དམངས་འཚོའི་ལས་གཞི། སྨན་བཅོས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་གཙོ་དོན་དྲིལ་སྒྲོག་བྱས་ཤིང་། མི་ཚང་མ་རང་ཉིད་ཀྱི་བདེ་ཐང་གི་འགན་འཁྲི་ཨང་དང་བོ་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས།  2023ལོའི་དུས་ཚིགས་དང་བོར་བདེ་ཐང་ཤེས་བྱ་འཆད་ཁྲིད་ཐེངས་2བྱས་པ་དང་། བདེ་ཐང་སློབ་གསོའི་བློ་འདྲིའི་བྱེད་སྒོ་ཐེངས་10ལྷག་སྤེལ་བ། བདེ་ཐང་སློབ་གསོའི་དཔྱད་ཡིག་1244སྤྲད་པ། བྱེད་སྒོའི་ནང་ཞུགས་མཁན་གྱི་མང་ཚོགས་མི་ཐེངས་500ཟིན།

        《རྫོང་དང་ཡུལ་ཚོ་རིམ་པ་གཉིས་ཀྱི་སྨན་དོན་མི་སྣའི་གསོ་སྦྱོང་འཆར་གཞི》གཞིར་བཟུང་སྟེ། ཁྱད་ལྡན་དང་ལེགས་ཆ་སྔོག་འདོན་གང་ལེགས་བྱས་ནས། རྒྱ་ཆེའི་མང་ཚོགས་ལ་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱས་ཤིང་། སྨན་ཁང་གི་འགྲན་རྩོད་ནུས་པ་སྔར་ལས་ཆེ་རུ་བཏང་།  2022ལོར། ལས་སྒོའི་རྐང་འཛིན་པ་བཞི་སྨན་ཁང་གསུམ་དུ་ཟབ་སྦྱོང་བྱེད་པར་མངགས་པ་དང་། མི་རིགས་ཀྱི་གསོ་རིག་རྐང་འཛིན་པ་གསུམ་གཟི་རྩ་སྡེ་དགུ་རྫོང་ཀྲུང་བོད་སྨན་ཁང་དུ་གསོ་སྦྱོང་བྱེད་པར་མངགས། “ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་རིག་གནས་ཁྲིད་སྦྱོང་ཉམས་སུ་མྱོང་བའི་རྟེན་གཞི”ལ་ནུས་པ་འདོན་སྤེལ་བྱས།  དུས་ཐུང་གསོ་སྦྱོང་སྣ་ཚོགས་ནང་ཞུགས་མཁན་མི་ཐེངས་39ཟིན་པ་དང་སྨན་ཁང་ནང་ནས་སློབ་སྦྱོང་བྱེད་མཁན་མི་ཐེངས་507ཟིན།  ཚད་བརྒལ་སྒྲ་རླབས་ཀྱི་ཁྲིད་སྟོན་འོག་བྲང་ཁོག་གཙགས་རྟོལ་སྦུ་གུ་དང་ཡོངས་སྦྲིད་དཔུང་ཚིགས་གཅོག་པའི་ལག་རྩལ་གསར་བ་2སྤེལ། གོམ་སྟབས་རྗེས་མར། སྨན་ཁང་གིས“ཁ་གཏད་རོགས་སྐྱོར”ཐོན་ཁུངས་བརྒྱུད། ཕོ་བ་དང་རྒྱུ་མའི་སྨན་བཅོས་དང་རིམ་པ་གཉིས་པའི་གཤག་བཅོས་སྤེལ་ཏེ། མང་ཚོགས་དང་ལྗོངས་སྐོར་བ་ལ་སྟབས་བདེ་སྤུས་ལེགས་ཀྱི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1