གསེར་རྟའི་སྙིའི་ན་གཞུང་དུ་ཁྲུང་ཁྲུང་དང་གཙོད་ཕག་ཕེབས་ངང་རྒྱུ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-12


        ཉེ་ལམ། གསེར་རྟ་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ལས་མིས་སྙིའི་ན་གཞུང་དུ་ཁྲུང་ཁྲུང་མགོ་ཁྲ་དང་ཁྲུང་ཁྲུང་སྐེ་ནག །གཙོད་སོགས་ཕག་ཕེབས་ངང་འཚོ་བའི་རྣམ་པ་བརྙན་བླངས་ཤིང་། ལས་ཀ་བས་ངོ་སྤྲོད་བྱས་པ་ལྟར་ན། ཉེ་བའི་ལོ་ཤས་རིང་།  སྙིའི་ན་གཞུང་དུ་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་སྲོག་ཆགས་མང་པོ་ཡོད་པ་དང་།  སྐབས་ལ་ལར་ཉིན་གཅིག་ལ་རིགས་མི་འདྲ་བའི་སྲོག་ཆགས་དྲུག་གི་ཡན་མཐོང་རྒྱུ་ཡོད་པ་རེད། 

     རྒྱལ་ཁབ་ཀྱི་གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་དང་། འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན། ཆུའི་ཁུངས་གལ་ཆེན་བཅས་ཡིན་པར་མ་ཟད། ཀྲུང་ཧྭའི་ཆུ་མཛོད་ཀྱི་གྲུབ་ཆ་གལ་ཆེན་ཡིན་པའི་ཆ་ནས། གསེར་རྟ་རྫོང་གིས་ཉེ་བའི་ལོ་ཤས་རིང་། རྒྱུན་ཆད་མེད་པར་སྐྱེ་ཁམས་སྲུང་སྐྱོབ་ལ་ཤུགས་སྣོན་བྱས་ཤིང་། ཁྲིམས་འགལ་རྔོན་ལས་ཀྱི་བྱ་སྤྱོད་ལ་རྡུང་རྡེག་དྲག་པོ་བྱས་པ་དང་རི་སྐྱེ་སྲོག་ཆགས་ངལ་གསོ་སའི་ཁོར་ཡུག་ལེགས་བཅོས་བྱས་པར་བརྟེན།  རི་སྐྱེ་སྲོག་ཆགས་དཀོན་པོའི་རིགས་ཀྱི་རིགས་དང་ཁ་གྲངས་ལོ་རེར་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1