༄༅། །བོད་ཀྱི་བརྡ་སྤྲོད་དཔེ་ཚོགས་ཆེན་མོ་དཔར་དུ་བསྐྲུན་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས།གཟི་འོད་འཕྲིན་སྟེགས། སྤེལ་དུས། 05-14


       ཉེ་ཆར་བོད་ཀྱི་བརྡ་སྤྲོད་པའི་དཔེ་ཚོགས་ཆེན་མོ། ༼བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།༽ཞེས་པའི་དཔེ་ཚོགས་པོད་ཕྲེང་ཉེར་ལྔའི་བདག་ཉིད་ཅན་འདི།  སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་ནས་ཉེ་བའི་ལོ་ཤས་ཀྱི་རིང་ལ་འབད་བརྩོན་རྒྱ་ཆེར་བརྟེན་ཏེ་བསྡུ་རུབ་དང་རྩོམ་སྒྲིག་བྱས་ཤིང་།  ད་ལྟ་དངོས་སུ་དཔར་དུ་བསྐྲུན་ཏེ་ལེགས་གྲུབ་བྱུང་ཡོད།


         དཔེ་ཚོགས་འདིར་གངས་ལྗོངས་ཁ་བ་རི་བའི་ཆོས་རིག་ཀུན་གྱི་གཞི་རྩར་གྱུར་པའི་བརྡ་སྤྲོད་པའི་བསྟན་བཅོས་སུམ་རྟགས་དག་གསུམ་དང་བརྡ་གསར་རྙིང་གི་རྣམ་གཞག་སྟོན་པའི་བསྟན་བཅོས་སྣ་ཚོགས་གཙོ་བོར་བཞུགས་པ་དང་།   དུས་རབས་བདུན་པ་ནས་བཟུང་དུས་རབས་ཉི་ཤུ་པའི་བར་དུ་བྱོན་པའི་ས་དགེ་བཀའ་རྙིང་དང་བན་བོན་རིས་སུ་མ་ཆད་པའི་མཁས་དབང་དམ་པ་མང་པོས་མཛད་པའི་དཔེ་རྙིང་གཙོ་བོར་གྱུར་པ་ཇི་སྙེད་ཅིག་མཆིས་ཤིང་།    ཁྱོན་སྡོམ་གཞུང་ཚན་ལྔ་བརྒྱར་ཉེ་བ་ཙམ་ཕྱོགས་གཅིག་ཏུ་བསྡུས་ཡོད།

          ད་ལྟ་སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་འདི་ན་༼བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།༽ཞེས་པའི་དཔེ་ཚོགས་འདི་སྡེབ་ཚོང་དང་སིལ་ཚོང་གཉིས་ཀའི་ལམ་ནས་འགྲེམ་སྤེལ་བྱེད་བཞིན་ཡོད་པས།   དགོན་སྡེ་དང་སློབ་གྲྭ་སོ་སོ།     དཔེ་མཛོད་ཁང་དང་དཔེ་བཙོང་ཁང་སོ་སོ།   ཡང་ན་མི་སྒེར་སོགས་གཞུང་སྒེར་གང་ལ་དགོས་མཁོ་བྱུང་ཚེ་དུས་ཡུན་ཐུང་ངུའི་ནང་ཁོ་ཚོར་འབྲེལ་གཏུག་གནང་རོགས་ཞུ།

འབྲེལ་གཏུག་ཁ་པར།

18602849579

18783765111


རྩོམ་ཡིག་སྔོན་མ།
༄༅། །ཤོ་རྩེད།
རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1