༄༅། །ནད་འགོག་ནུས་ཤུགས་ཇེ་མཐོར་གཏོང་བར་གཤམ་གྱི་ཟས་རིགས་འདི་དག་རྒྱུན་བཟའ་བྱེད་དགོས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-19



        རང་གི་བདེ་ཐང་གི་འགན་འཁྲི་པ་དང་པོ་ནི་ནམ་ཡང་རང་ཉིད་ཡིན་ལ། ནད་འགོག་ནུས་ཤུགས་ཇེ་མཐོར་གཏོང་རྒྱུ་དེ་ནི་ནད་ཡམས་ཀྱི་སྐབས་སུ་དེ་བས་ཀྱང་གལ་ཆེན་དུ་སྣང་། ནད་འགོག་ནུས་ཤུགས་ཇེ་མཐོར་གཏོང་དགོས་ན།འཚོ་བར་ཆོས་ཉིད་ཡོད་དགོས་པ་དང་ལུས་སྦྱོང་རན་པ་བྱེད་དགོས་ལ།སེམས་ཁམས་ལྷོད་པོ་ཡིན་དགོས་པ་བཅས་ལས་གཞན་ད་རུང་བཟའ་བཏུང་ལུགས་མཐུན་གྱིས་སྤྱོད་རྒྱུ་ནི་ཤིན་ཏུ་གལ་ཆེ།གཤམ་དུ་ནད་འགོག་ནུས་ཤུགས་མཐོ་རུ་གཏོང་བར་ཕན་པའི་ཟས་རིགས་འགའ་མཚམས་སྦྱོར་བྱ།

གཅིག སྲན་མྱུག

        སྲན་མྱུག་གི་ནང་དུ་འཚོ་རྒྱུAདང་འཚོ་རྒྱུC། དབྱི་ཧོང་ཐོན(异黄酮)སོགས་ཀྱི་འཚོ་བཅུད་དངོས་པོ་ཕུན་སུམ་ཚོགས་པོ་འདུས་ཤིང་།དབྱི་ཧོང་ཐོན་ལ་དབྱང་འགྱུར་འགོག་པའི་བྱེད་ནུས་དྲག་པོ་ལྡན་པས།ནད་འགོག་ནུས་ཤུགས་ཇེ་མཐོར་གཏོང་བར་ཕན་པ་ཆེན་པོ་ཡོད།དེ་བས་དུས་རྒྱུན་དུ་ཚང་མས་སྲན་མྱུག་འོས་འཚམ་གྱིས་ཟོས་ན་བཟང་།

        གྲོགས་པོ་ཁ་ཤས་ཤིག་རང་ཁྱིམ་ནས་སྲན་མྱུག་གསོ་རྒྱུར་ཤིན་ཏུ་དགའ། དེ་ལ་དྲན་སྐུལ་བྱེད་དགོས་པ་ཞིག་ནི། མྱུ་གུ་འབུས་ཡུན་ཇི་ལྟར་རིང་ན་འཚོ་བཅུད་དེ་ལྟར་བཟང་བའི་ངེས་པ་མེད།སྤྱིར་བཏང་སྲན་མྱུག་གི་རིང་ཚད་ལི་སྨི་བཞི་ནས་ལྔའི་བར་ཡིན་སྐབས་བྲོ་བ་དང་འཚོ་བཅུད་གང་གི་ཐད་ནས་ཀྱང་ཆེས་བཟང་བའི་དུས་ཡིན།

གཉིས། ཞོ།

        ཟས་རིགས་བསྙལ་མ་ཟོས་ན་ནད་འགོག་ནུས་ཤུགས་ཇེ་མཐོར་གཏོང་བ་དང་རྒྱུ་ལམ་གྱི་བདེ་ཐང་ལ་ཕན་པ་རེད།

        ཞོ་ནི་འོ་མ་བསྙལ་བ་ལས་བྱུང་བ་ཡིན་པས།འོ་མའི་འཚོ་བཅུད་ཡོངས་རྫོགས་སོར་བཞག་བྱས་ཡོད་པར་མ་ཟད།བསྙལ་བའི་གོ་རིམ་ཁྲོད་ད་རུང་འཚོ་རྒྱུB1དང་འཚོ་རྒྱུB2། འཚོ་རྒྱུB6། འཚོ་རྒྱུB12སོགས་ཀྱི་འཚོ་རྒྱུ་མང་པོ་ཞིག་བྱུང་ཡོད། ཉིན་རེར་ཞོ་ཁེ300ནས500དང་ཡང་ན་འོ་བཟོས་ཟས་རིགས་ཟོས་ན་ཧ་ཅང་བཟང་ངོ་།

གསུམ། སྟར་ག

        སྟར་གའི་ནང་དུ་འདུས་པའི་སྣུམ་སྐྱུར་འབྲིང་མ(亚油酸)དང་སོ་སྐྱུར་འབྲིང་མ(亚麻酸)ཡིས་ཁྲག་ཚིལ་སྙོམ་སྒྲིག་བྱས་ཏེ། སྙིང་གི་ཁྲག་རྩའི་བདེ་ཐང་ལ་སྲུང་སྐྱོབ་བྱེད་ཐུབ། དེ་ལས་གཞན་སྟར་གའི་ནང་དུ་རང་བྱུང་གི་འཚོ་རྒྱུEའདུས་པ་དང་།འཚོ་རྒྱུEལ་དབྱང་འགྱུར་འགོག་པ་དང་རྒས་ཚད་ཇེ་དལ་དུ་གཏོང་བ།ནད་འགོག་ནུས་ཤུགས་ཇེ་མཐོར་གཏོང་བ་སོགས་ཀྱི་ནུས་པ་ལྡན།

        དུས་རྒྱུན་དུ་ན་ཚ་མང་ཞིང་སྐྱི་པགས་སྐམ་པ།གདོང་ན་གཉེར་མ་མང་བ།རྒྱུན་དུ་ཤ་སྒྲིམ་ནས་སྡོད་པ་སོགས་ཀྱིས་སྟར་ག་མང་དུ་ཟོས་ནས་འཚོ་རྒྱུEཁ་གསབ་བྱེད་དགོས།ཡིན་ནའང་སྟར་གར་སྣུམ་ཆེ་བས།ཟ་ཐེངས་གཅིག་གིས་མང་པོ་ཟ་མི་རུང་ལ།སྤྱིར་བཏང་ཉིན་རེར2རེ་ཟ་བ་དང་།ཆེས་མང་ནའང3ལས་མ་བརྒལ་ན་བཟང་ངོ་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1