ཀྲུང་གོའི་བོད་ཁུལ་གྱི་ཆེས་ཆེ་བའི་བརྙན་གཟུགས་བཟོ་སྐྲུན་ལྟེ་གནས་དེ་མཚོ་སྔོན་འབའ་རྫོང་དུ་འཛུགས་བཞིན་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-14


དཔྱད་གཞིའི་འདྲ་པར།

           སྤྱི་ཟླ་5པའི་ཚེས་12ཉིན། ཀྲུང་གོའི་བོད་ཁུལ་གྱི་ཆེས་ཆེ་བའི་བརྙན་གཟུགས་སྒྲིག་བཟོ་ལྟེ་གནས་དེ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་གད་པ་སུམ་མདོ་གྲོང་རྡལ་དུ་འཛུགས་སྐྲུན་བྱེད་བཞིན་ཡོད་པ་རེད། རྣམ་གྲངས་འདི་འགྲུབ་རྗེས་བོད་ཁུལ་གྱི་གློག་བརྙན་བཟོ་སྐྲུན་དང་བོད་ཀྱི་གཞོན་སྐྱེས་བརྙན་གཟུགས་ཤེས་ལྡན་མི་སྣ་གསོ་སྐྱོང་། བོད་ཁུལ་གྱི་བརྙན་གཟུགས་རིག་གནས་འཕེལ་རྒྱས་ལ་སྐུལ་འདེད་བཅས་གཏང་བར་ཞབས་ཞུ་གང་ལེགས་མཁོ་འདོན་བྱ་རྒྱུ་རེད།

            གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། བརྙན་གཟུགས་བཟོ་སྐྲུན་ལྟེ་གནས་འདི་འཛུགས་སྐྲུན་བྱ་བའི་ཐད་དུ་སྒོར་ཁྲི་1000ལྷག་མ་རྩ་བཏང་ཡོད་ཅིང་། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་རོགས་སྐྱོར་འཛུགས་སྐྲུན་བྱེད་བཞིན་ཡོད་པ་རེད། ཨ་མྱེས་རྨ་ཆེན་དང་འབའ་ཐང་། མཚོ་སྐྱ་རེངས། མང་རྫོང་བྱ་མདོ་བཅས་སུ་བརྙན་གཟུགས་བརྩམས་ཆོས་གྱི་པར་ངོས་རྒྱུ་ཆ་མཁོ་འདོན་བྱ་རྒྱུ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1