2015ལོའི་དཀར་མཛེས་ཁུལ་མང་ཚོགས་ཀྱི་སྒྲོག་འགྲེལ་ཟབ་སྦྱོང་འགོ་བཙུགས།

རྩོམ་སྒྲིག་པ།ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བ། སྤེལ་དུས། 05-14


         

             སྤྱི་ཟླ་5པའི་ཚེས་13ཉིན་གྱི་སྔ་དྲོར། 2015ལོའི་དཀར་མཛེས་ཁུལ་གྱི་ཁྲིམས་སྐྱོང་གྲོང་ཚོར་བསྐྱོད་པ་ཞེས་པའི་མང་ཚོགས་ཀྱི་སྒྲོག་འགྲེལ་ཟབ་སྦྱོང་གི་འགོ་འཛུགས་མཛད་སྒོ་དེ་ཁུལ་མི་རིགས་ལས་བྱེད་སློབ་གྲྭར་འཚོགས་པ་རེད། ཁུལ་ཨུའི་རྒྱུན་ཨུ་དང་ཁུལ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བྱམས་བློས་ཐེངས་འདིའི་སྒྲོག་འགྲེལ་ཟབ་སྦྱོང་གི་ནང་དོན་གཙོ་བོ་དང་དམིགས་ཡུལ། སྒྲིག་ལམ་སོགས་ཀྱི་ཐད་ལ་གསུང་བཤད་གནང་། ཁུལ་དྲིལ་བསྒྲགས་པུའུ་ཡི་འབྲེལ་ཡོད་འགོ་ཁྲིད་ཀྱིས་ཐེངས་འདིའི་ཟབ་སྦྱོང་དུས་ཚོད་དང་ཟབ་སྦྱོང་བྱེད་སྟངས་བཅས་ལ་གསལ་བཤད་བྱས་པ་རེད། ཐེངས་འདིའི་ཟབ་སྦྱོང་ནང་དོན་གཙོ་བོ་ནི་ཁྲིམས་སྐྱོང་གི་སྐོར་ཡིན་ལ། རྫོང་ཁག་སོ་སོའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་དང་མང་ཚོགས་སྒྲོག་འགྲེལ་བ། ཁྲིམས་འཛིན་ལས་ཁུངས་ཀྱི་འབྲེལ་ཡོད་མི་སྣ། ཁུལ་རིམ་པའི་ལས་ཁུངས་ཀྱི་སྒྲོག་འགྲེལ་མཛུབ་སྟོན་དགེ་རྒན་བཅས་མི་སྣ་200ལྷག་ཟབ་སྦྱོང་ནང་ཞུགས་ཤིང་། ཉིན་བདུན་གྱི་རིང་ལ་ཆེད་མཁས་པས་སློབ་ཁྲིད་བྱེད་པ་དང་མཛུབ་སྟོན་དགེ་རྒན་ཚོས་སྒྲོག་འགྲེལ་པའི་སློབ་ཁྲིད་ལ་དཔྱད་འཇོག་བྱེད་པ་བཅས་ཀྱི་སྒོ་ནས་ཟབ་སྦྱོང་བྱ་རྒྱུ་རེད། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1