བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱིས་འདི་ལོའི་མཉམ་འབྲེལ་སྐོར་སྐྱོད་སྲུང་སྐྱོང་དང་ལྟ་ཞིབ་ཚད་ལེན་ཐེངས་དང་པོ་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 04-24



འདི་ནི་ཟླ་4ཚེས་18ཉིན་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་གི་ས་ཁོངས་ནས་པར་དུ་བླངས་པའི་གཙོད་ཡིན་པ།

འདི་ནི་ཟླ་4ཚེས་16ཉིན་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་གི་ས་ཁོངས་ནས་པར་དུ་བླངས་པའི་གཙོད་ཕྲུག་ཡིན་པ།


 ཉིན་ཤས་གོང་ནག་ཆུ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ཉི་མ་དང་། མཚོ་གཉིས། ཨ་མདོ་སོགས་རྫོང་གི་རང་བྱུང་ཐོན་ཁུངས་ཅུས(ནགས་ལས་དང་རྩྭ་ཐང་ཅུས)དང་མཉམ་དུ་མཉམ་འབྲེལ་སྐོར་སྲུང་རུ་ཁག་བཙུགས་ཏེ། 2023ལོའི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ལ་མཉམ་འབྲེལ་སྐོར་སྐྱོད་སྲུང་སྐྱོང་དང་ལྟ་ཞིབ་ཚད་ལེན་ཐེངས་དང་པོ་བྱས་ཤིང་། སྐོར་སྲུང་ཉིན་བཅུ་གཅིག་བྱས་པར་ཁྱོན་ལམ་ཐག་སྤྱི་ལེ་2300ལྷག་ཙམ་ཟིན་ཡོད།

 ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་སྐོར་སྐྱོད་སྲུང་སྐྱོང་བྱ་རིམ་ཧྲིལ་པོར“བློ་རིག་སྐོར་སྲུང”APPསྤྱད་དེ། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་ལྟ་ཞིབ་ཚད་ལེན་བྱེད་པ་དང་རྩྭ་ཐང་གི་མེ་སྐྱོན་ཉེན་ཟོན་སྔོན་བརྡ་གཏོང་བ་སོགས་ཀྱི་ལས་དོན་སྤེལ་ཞིང་། དེའི་རིང་གཙོ་བོ་རི་སྐྱེས་སྲོག་ཆགས་རིགས་20ལྷག་ཙམ་ལྟ་ཞིབ་ཚད་ལེན་ཐུབ་པའི་གྲས་སུ་གཙོད་དང་འབྲོང་སོགས་འཕྲད་མང་བ་དང་དྲེད་མོང་དང་བྱ་གླག་སོགས་འཕྲད་ཉུང་ཙམ་ཡོད།

 ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་མཉམ་འབྲེལ་སྐོར་སྲུང་ལས་དོན་སྤེལ་རིང་གཙོ་བོ་བྱང་ཐང་རང་བྱུང་སྲུང་སྐྱོང་ཁུལ་དང་། རི་སྐྱེས་སྲོག་ཆགས་འཚོ་གནས་བྱ་ཡུལ། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་། རི་སྐྱེས་སྲོག་ཆགས་ཀྱི་རིམས་ནད་འབྱུང་ཁུངས་དང་རིམས་ནད་ལྟ་ཞིབ་ཚད་ལེན། རང་བྱུང་ཐོན་ཁུངས་ལ་སྲུང་སྐྱོང་དང་དོ་དམ། བྱང་ཐང་དོ་དམ་སྲུང་སྐྱོང་ས་ཚིགས་བཅས་ཀྱི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ་དང་། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས་དང་། རང་བྱུང་སྲུང་སྐྱོང་ཁུལ་གྱི་སྲོལ་ཡིག འདམ་རའི་སྐོར་གྱི་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་ཤུགས་ཆེན་བྱས་པ། མཉམ་འབྲེལ་སྐོར་སྲུང་ཁྲིམས་སྒྱུར་བྱས་ནས་རི་སྐྱེས་སྲོག་ཆགས་དང་། གཏེར་ཁའི་ཐོན་ཁུངས། རང་བྱུང་ཐོན་ཁུངས་བཅས་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བའི་ཟིལ་གནོན་ཆེན་པོ་ཞིག་ཆགས་པར་བྱས་པ། ཆེད་ལས་དོ་དམ་ས་ཚིགས་36གིས་བྱང་ཐང་གི་རང་བྱུང་ཐོན་ཁུངས་ལ་སྲུང་སྐྱོང་བྱེད་པར་ཤུགས་སྣོན་བརྒྱབ་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1