རྒྱ་གར་གྱི་ཙུང་ལི་མའོ་ཏི་སྤྱི་ཚེས་14ཉིན་གྱི་སྔ་དྲོར་ཏ་ཞིན་ཧྲན་དགོན་ལ་མཇལ་སྐོར་དུ་ཕེབས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-14


རྒྱ་གར་གྱི་ཙུང་ལི་མའོ་ཏི་དགོན་བདག་ཁོན་ཞུས་ཀྱི་ཕེབས་རོགས་འོག་དགོན་པར་མཇལ་སྐོར་དུ་འགྲོ་བཞིན་པ།

           སྤྱི་ཚེས་14ཉིན་གྱི་སྔ་དྲོར། རྒྱ་གར་གྱི་ཙུང་ལི་མའོ་ཏི་ཏ་ཞིན་ཧྲན་དགོན་ལ་མཇལ་སྐོར་དུ་ཕེབས་ཤིང་། མཛད་རིམ་ཧྲིལ་བོར་དགོན་བདག་ཁོན་ཞུས་ཀྱིས་ཕེབས་རོགས་གནང་ཡོད།  ཏ་ཞིན་ཧྲན་དགོན་པ་ནི་ཀྲུང་གོའི་ནང་བསྟན་ལས་གསང་སྔགས་གྱི་དགོན་པ་ཞིག་ཡིན་ལ། ཅིན་རྒྱལ་རབས་ཀྱི་སྐབས་སུ་གསར་བཞེངས་བྱས་པ་དང་། དགོན་པ་འདིའི་ཐོག་མའི་མཚན་ལ་ཙོན་ཧྲན་དགོན་ཞེས་འབོད་པ་རེད། སུའུ་ཝུན་ཏི་ཁྲི་ལོ་གཉིས་པར་དགོན་པ་རྒྱ་བསྐྱེད་བཏང་ནས་མཚན་ལ་ཏ་ཞིན་ཧྲན་དགོན་པ་ཞེས་བཏགས་པ་རེད། སྔོན་ཆད་རྒྱ་གར་གྱི་གྲྭ་པ་ཡང་དགོན་པ་འདིར་བཞུགས་ནས་ནང་ཆོས་ལོ་ཙཱ་གནང་མྱངས་ཡོད་ཅིང་། ཐང་ཞོན་ཙུང་གི་སྐབས་སུ། དགོན་པ་འདི་ནི་ཁྲང་ཨན་གྱི་ནང་ཆོས་ཀྱི་ལོ་ཙཱ་གླིང་ཆེ་ཤོས་གསུམ་གྱི་ཡ་གྱལ་ཡིན་འདུག །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1