གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་བརྒྱུད་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་བྱེད་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 04-25


འདི་ནི་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་སྐྱིད་ཕུ་གྲོང་ཚོའི་ཡུལ་མི་རྣམ་གསལ་གྱིས་དྲ་ཐོག་ཚོང་དོན་སྟེགས་བུ་བརྒྱུད་ས་གནས་དེ་གའི་ཁྱད་ལྡན་ཡུལ་ཟོག་འཚོང་བཞིན་ཡོད་པ།

        ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་སྤེལ་བའི་བྱེད་སྒོ་སྒྲིག་འཛུགས་དང་ལག་བསྟར་ཞིབ་ཚགས་བྱས་ཏེ། གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་ཟོག་འགྲེམས་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྱད་ལྡན་ཐོན་རྫས་དྲ་ཐོག་དང་དྲ་ཕྱིར་འཚོང་བའི་ཐབས་ལམ་བཏོད་ནས་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་དང་བོད་ཀྱི་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱས་ཡོད། མིག་སྔར། ལྗོངས་ཡོངས་སུ་རིམ་རྩིས་བྱས་ན་རྫོང་རིམ་པའི་དྲ་ཐོག་ཚོང་དོན་སྤྱི་པའི་ཞབས་ཞུའི་ལྟེ་གནས་27དང་། ཤང་རིམ་པའི་ཞབས་ཞུའི་ས་ཚིགས་231 གྲོང་ཚོ་རིམ་པའི་ཞབས་ཞུའི་ས་ཚིགས་704བཅས་བཙུགས་ཡོད་པས་དྲ་ཐོག་ཚོང་དོན་གྱི་ཞབས་ཞུའི་མ་ལག་རགས་ཙམ་གྲུབ་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1