ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་གཞུང་ཕྱོགས་དྲ་བ་དངོས་སུ་སྤྱོད་འགོ་ཚུགས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 04-25


        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་དབྱང་གི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་མཛུབ་ཁྲིད་བྱས་པ་དང་། མི་དམངས་དྲ་བ·ཀྲུང་གོ་གུང་ཁྲན་ཏང་གསར་འགྱུར་དྲ་བས་སྒྲུབ་འགན་འཁུར་བའི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་གཞུང་ཕྱོགས་དྲ་ཚིགས(http://ztjy.people.cn)དངོས་སུ་སྤྱོད་འགོ་ཚུགས་པ་དང་། གཞུང་ཕྱོགས་ཀྱི་སྐད་འཕྲིན་སྤྱི་རྟགས“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ”དུས་གཅིག་ཏུ་བཏོན་ཡོད།

        ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་གཞུང་ཕྱོགས་དྲ་ཚིགས་དང་གཞུང་ཕྱོགས་སྐད་འཕྲིན་སྤྱི་རྟགས་ཀྱིས། ཏང་ཡོངས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་གྱི་ཏང་ཀྲུང་དབྱང་གི་དགོངས་དོན་གལ་ཆེན་དང་ཐབས་ཇུས་བཀོད་སྒྲིག་ལ་དམིགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱེད་སྒོ་གལ་ཆེན་དང་གསུང་བཤད་གལ་ཆེན་དྲིལ་བསྒྲགས་དང་འཆད་འགྲེལ་བྱེད་པར་དམ་པོར་དམིགས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོའི་འཕེལ་རིམ་དང་ཕན་འབྲས་དངོས་གཅིག་སྡུད་མངོན་པ་དང་བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད་ཀྱི་ཉམས་མྱོང་བྱ་ཐབས་དང་སྔོན་ཐོན་དཔེ་མཚོན་དུས་ཐོག་ཏུ་མཚོན་པར་བྱེད་ཀྱི་ཡོད། གཞུང་ཕྱོགས་དྲ་ཚིགས་དེས“དབང་གྲགས་ལྡན་པའི་ཁྱབ་སྤེལ”དང་། “འཕེལ་རིམ་འགུལ་རྣམ” “སློབ་སྦྱོང་ཞབས་འདེགས”སོགས་ལེ་ཚན་10ལྷག་ཙམ་བཀོད་སྒྲིག་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྗེས་སྙེག་སློབ་སྦྱོང་དང་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུལ་དུས་ཐོག་ཏུ་ཤེས་རྟོགས་བྱེད་པར་དབང་གྲགས་ལྡན་པའི་ལས་སྟེགས་ཤིག་མཁོ་འདོན་བྱས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1