ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་འཚོལ་བསྡུ་དང་དག་སྒྲིག་བྱས་པའི་ཞིང་ཆེན་བཞིའི་བོད་ཁུལ་གྱི་དགོན་སྡེ་དང་གྲོང་སྡེ། རི་ཆུའི་མིང་རྒྱ་བོད་ཤན་སྦྱར་བྱས་པའི་དེབ་གཉིས་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-15


    ཉེ་ཆར། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་འཚོལ་བསྡུ་དང་དག་སྒྲིག་བྱས་པའི་《མཚོ་སྔོན་སི་ཁྲོན་ཀན་སུའུ་ཡུན་ནན་ཞིང་ཆེན་བཞིའི་བོད་ཁུལ་གྱི་གྲོང་སྡེའི་མིང་རྒྱ་བོད་ཤན་སྦྱར།》དང་། 《མཚོ་སྔོན་སི་ཁྲོན་ཀན་སུའུ་ཡུན་ནན་ཞིང་ཆེན་བཞིའི་བོད་ཁུལ་གྱི་དགོན་སྡེ་དང་རི་ཆུའི་མིང་རྒྱ་བོད་ཤན་སྦྱར།》གཉིས་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས་ཤིང་མི་འགྱངས་བར་བོད་ཁུལ་གྱི་ས་གནས་སོ་སོའི་དཔེ་ཁང་དུ་སླེབས་རྒྱུ་རེད། དེབ་འདི་གཉིས་ནི་ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱི་ལི་ཝན་དབྱིན་དང་། ཟླ་བ་ཚེ་རིང་། འཇམ་དབྱངས་དར་རྒྱས་བཅས་ཀྱིས་གཙོ་སྒྲིག་བྱས་པ་རེད། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱི་བོད་ཡིག་ཡིག་སྒྱུར་གཞུང་སྒྲུབ་ཁང་གི་ལས་མི་ཡོངས་དང་ཞིང་ཆེན་འདི་བཞིའི་བོད་ཁུལ་གྱི་འབྲེལ་ཡོད་ཆེད་མཁས་པ་བཅས་ཀྱིས་མཉམ་དུ་ལེགས་གྲུབ་བྱུང་བ་ཞིག་རེད།


    དེབ་འདི་གཉིས་སུ་ཞིང་ཆེན་བཞིའི་བོད་ཁུལ་གྱི་གྲོང་སྡེ་ཡི་མིང་ཁྲི་2ལྷག་དང་དགོན་སྡེ་དང་རི་ཆུའི་མིང་སྟོང་7ལྷག་འཚོལ་བསྡུ་བྱས་ཡོད་ལ། ཆེད་མཁས་པའི་ཚོགས་འདུ་དང་ཡིག་ངོས་འཚོལ་བཤེར་སོགས་བྱས་པ་བརྒྱུད་སྔ་ཕྱིར་ཆེད་མཁས་པ་མི་གྲངས་150ལྷག་གི་དགོངས་འཆར་ལ་ཉན་ནས། ད་གཟོད་《མཚོ་སྔོན་སི་ཁྲོན་ཀན་སུའུ་ཡུན་ནན་ཞིང་ཆེན་བཞིའི་བོད་ཁུལ་གྱི་གྲོང་སྡེའི་མིང་རྒྱ་བོད་ཤན་སྦྱར།》དང་། 《མཚོ་སྔོན་སི་ཁྲོན་ཀན་སུའུ་ཡུན་ནན་ཞིང་ཆེན་བཞིའི་བོད་ཁུལ་གྱི་དགོན་སྡེ་དང་རི་ཆུའི་མིང་རྒྱ་བོད་ཤན་སྦྱར།》གཉིས་ལེགས་གྲུབ་བྱུང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1