ཞི་ཅིན་ཕིང་གིས་རྒྱ་གར་གྱི་ཙུང་ལི་མའོ་ཏི་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-15


རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱ་གར་གྱི་ཙུང་ལི་མའོ་ཏི་ལ་མཇལ་འཕྲད་གནང་བཞིན་པ།

    སྤྱི་ཟླ་5པའི་ཚེས་14ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲན་ཞི་ཞི་ཨན་དུ་རྒྱ་གར་གྱི་ཙུང་ལི་མའོ་ཏི་ལ་མཇལ་འཕྲད་གནང་།

    ཞི་ཅིན་ཕིང་གིས། ཙུང་ལི་མའོ་ཏི་ཀྲུང་གོ་རུ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་ཤིང་། ན་ནིང་ང་རང་རྒྱ་གར་དུ་འཚམས་འདྲིར་འགྲོ་བའི་རིང་། ང་ཚོས་ཀྲུང་གོ་དང་རྒྱ་གར་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་སྤེལ་དང་སྔར་ལས་དམ་ཟབ་ཀྱི་འཕེལ་རྒྱས་རོགས་ཟླའི་འབྲེལ་བ་འཛུགས་པའི་ཐད་ངོས་འཛིན་གཅིག་གྱུར་བྱུང་ཡོད། ཕྱོགས་གཉིས་ཀྱི་འབྲེལ་བ་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བ་དང་། ཕྱོགས་གཉིས་ཀྱིས་ཚད་མཐོའི་འབྲེལ་འདྲིས་བྱ་བ་རྒྱུན་འཁྱོངས་བྱས་ཏེ་གལ་ཆེའི་ཁྱབ་ཁོངས་སུ་མཉམ་འབྲེལ་བྱ་རྒྱུར་སྐུལ་སྤེལ་གཏང་དགོས་ཞེས་བསྟན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1