མཛའ་གཞས་གྲོང་དུ་དབྱིན་ཧྭ་མེ་ཏོག་བཞད་ནས་ཐག་རིང་འགྲུལ་པའི་ཡིད་དབང་བཀུག།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 05-11


        དཔྱིད་ཀ་ཕྱིས་ན་དབྱིན་ཧྭ་མེ་ཏོག་ཡང་འཆར་ཕྱིས། ད་ལོའི་སྤྱི་ཟླ4པའི་ཟླ་དཀྱིལ་ནས་བཟུང་། དར་མདོ་གྲོང་ཁྱེར་གྲོང་ཁུལ་གྱི་དབྱིན་ཧྭ་མེ་ཏོག་བཞད་འགོ་བཙུགས་ཏེ་མཛེས་མདངས་རྣམ་པ་བཞད་ནས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ནས་ལྟ་སྐོར་དང་པར་སྒྲོན་པར་བྲེལ་བཞིན་མཆིས།

        དབྱིན་ཧྭ་ནི་མཛའ་གཞས་གྲོང་གི་མཚོན་བྱེད་རང་བཞིན་གྱི་དཔྱིད་ཀ་དང་དབྱར་དུས་སུ་གཏན་འཁེལ་བྱས་པའི་མཛེས་ལྗོངས་ཤིག་ཡིན་པའི་ངོས་ནས་ཉིན་ཤས་བསྟུད་མར་མདོ་གྲོང་གི་གྲོང་འཇུག་ལམ་ཆེན་ནས་ནུབ་ཀྱི་ཁྲོམ་ལམ། ཟམ་པ་འོག་མ་ནས་ཨ་ལེགས་བུ་སྒང་གོམ་བགྲོད་ལམ་དང་། མྱུར་བགྲོད་འགྲོ་ལམ། གྲོང་གསར་བཅས་གྱི་བར་དུ་དབྱིན་ཧྭ་ལྗོན་པ་བརྒྱ་ཕྲག་ཁ་ཤས་མེ་ཏོག་རྣམ་པར་བཞད་ནས་ཧ་ཅང་ཡིད་དབང་རང་ཏུ་འཕྲོག་པོ་འདུག།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1