༄༅། །ཡང་དག་པའི་དྲན་པ་སྒོམ་ཐབས་ཀྱིས་སེམས་ཁམས་ནད་ལ་ཕན་ནུས་ཆེན་པོ་འབྱུང་།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 05-11


        ཨ་རིའི་ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན།ཡང་དག་པའི་དྲན་པ་སྒོམ་ཐབས་ཀྱིས་སེམས་ཁྲལ་ནད(焦虑症)གསོ་བཅོས་བྱེད་པའི་ཐད་སྨན་རྫས་ལས་ཀྱང་ལྷག་པའི་ཕན་ནུས་ཐོན་གྱིན་ཡོད།

        ཨ་རིའི་ཆའོ་ཀྲི་ཏུན་སློབ་ཆེན་གྱི་ཞིབ་འཇུག་མི་སྣས་སེམས་ཁྲལ་ནད་བྱུང་ཡོད་པའི་ནད་པ་དང་བླངས་པ་མང་པོ་གཅིག་ཏུ་བསྡུས་ཏེ།དེ་དག་ཚན་ཆུང་གཉིས་སུ་བགོས་པ་དང་། ཚན་ཆུང་གཅིག་ལ་ཡང་དག་པའི་དྲན་པ་སྒོམ་ཐབས་ཀྱིས་གསོ་བཅོས་བྱས་པ་དང་། གཟའ་འཁོར་རེར་དུས་ཚོད2.5ལ་ཡང་དག་པའི་དྲན་པ་སྒོམ་ཐབས་བསྟེན་དུ་བཅུག་པ་དང་།ཉིན་རེར་སྐར་མ45རེར་ཁྱིམ་ནས་དྲན་པ་སྒོམ་དུ་བཅུག ཚན་ཁག་ཅིག་ཤོས་ལ་སེམས་ཁྲལ་ནད་དང་ཡི་མུག་ནད་གསོ་བའི་སྨན་རྫས་འཐུང་དུ་བཅུག་ནས་གསོ་བཅོས་བྱས་པ་རེད།

        ཟླ་ངོ་གཉིས་ཀྱི་རྗེས་སུ།ཞིབ་འཇུག་མི་སྣས་ཚན་ཆུང་གཉིས་ཀའི་ནད་གཞི30%རེ་ཇེ་བཟང་དུ་སོང་ཡོད་པ་ཤེས་ཤིང་། དེའི་རྗེས་ཀྱི་ཟླ་ངོ4ཡི་རིང་ལ་བསྟུད་མར་ཇེ་བཟང་དུ་འགྲོ་བཞིན་པ་ཚོར།

        ཞིབ་འཇུག་མི་སྣས་བཤད་རྒྱུར། དེ་སྔོན་གྱི་ཡང་དག་པའི་དྲན་པ་སྒོམ་ཐབས་ཀྱིས་སེམས་ཁྲལ་ནད་ལ་ཐོན་པའི་ནུས་པར་ཞིབ་འཇུག་བྱས་པའི་མཇུག་འབྲས་ལས་མངོན་པ་ལྟར་ན།གསོ་བཅོས་དེའི་རིགས་ལ་ཕན་འབྲས་ཧ་ཅང་བཟང་པོ་ཡོད་ལ།ཐ་ན་སྨན་རྫས་ཀྱི་གསོ་བཅོས་ལས་ཀྱང་བཟང་བའི་ཕན་ནུས་ལྡན།ཁོ་ཚོའི་ཞིབ་འཇུག་ནི་ཡང་དག་པའི་དྲན་པ་སྒོམ་ཐབས་ཀྱི་གསོ་བཅོས་དང་སྨན་རྫས་གསོ་བཅོས་ཀྱི་ཕན་ནུས་གཤིབ་བསྡུར་བྱེད་ཆེད་རེད།

        ཡང་དག་པའི་དྲན་པ་སྒོམ་ཐབས་ཀྱི་གསོ་བཅོས་ཞེས་པ་ནི་ཉེ་བའི་ལོ་འདི་འགར་དར་བའི་སྒོམ་བརྒྱབ་སྟེ་སེམས་ཁམས་གསོ་ཐབས་ཀྱི་རིགས་ཤིག་ཡིན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1