༄༅། །ཟུང་ཆུ་ས་ཆའི་ཁྱད་ཆོས་ལྡན་པའི་བུད་མེད་ཀྱི་རྒྱན་ཆ་གཙོ་བོ་མགོ་རྭ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།རྔ་སྒྲ། སྤེལ་དུས། 05-16


        དེ་རིང་བརྙན་ལམ་བརྒྱུད་ནས་ཚང་མར་འཁྲབ་སྟོན་བྱེད་རྒྱུ་ནི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཟུང་ཆུའི་ཡུལ་ཕྱོགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་པའི་བུད་མེད་ཚོའི་རྒྱན་ཆ་གཙོ་བོ་མགོ་རྭ་དེ་ཡིན། ཟུང་ཆུའི་ཡུལ་ཕྱོགས་ཀྱི་ཁྱད་ཆོས་ལྡན་པའི་བུད་མེད་ཀྱི་རྒྱན་ཆ་གཙོ་བོ་མགོ་རྭ་ནི་རྭ་གདན་དང་རྭ་བ་གཉིས་ལས་གྲུབ་ཡོད་དེ།


        རྭ་བ་ནི་རིན་པོ་ཆེན་སྤོས་ཤེལ་དང་བྱུ་རུ། དངུལ་སོགས་ཀྱི་རྒྱུ་ཆ་སྒྲིག་སྦྱོར་དང་རྭ་གདན་ནི་སྤུས་ཀ་བཟང་བའི་རས་མདོག་དཀར་སེར་དམར་ལྗང་དང་གླ་སྤུ་སོགས་ཀྱི་རྒྱུ་ཆ་ལས་སྒྲིག་སྦྱོར་བྱས་ཡོད། དམངས་ཁྲོད་དུ་མགོ་རྭ་ལ་སྤོས་ཤེལ་མགོ་རྭ་ཡང་ཟེར། གཞན་ཁྱིམ་དུ་མནའ་མ་སོང་བའི་བུད་མེད་ཅིག་ཡིན་ནས་བཟུང་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་རྒྱུན་དུ་བཀོལ་སྤྱོད་གཏོང་ཞིང་མེད་དུ་མི་རུང་བ་ཞིག་ཡིན་པར་མ་ཟད། རང་གི་སྲོག་ལྟར་གཅེས་སྤྲས་བྱེད་པའི་རྒྱན་ཆ་གལ་འགངས་ཆེ་བ་ཞིག་ཡིན།

        འཛམ་གླིང་ཐོག་གི་རྒྱལ་ཁབ་སོ་སོ་དང་མི་རིགས་སོ་སོ། ཡུལ་ལུང་སོ་སོ་གང་ཡིན་རུང་རང་རང་སོ་སོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་པའི་ཡུལ་སྲོལ་གོམས་གཤིས་དང་ཆ་ལུགས་འགྲོ་སྟངས། རྒྱན་ཆ་གོན་པ་སོགས་གྲངས་ཀྱིས་མི་ལོན་པ་མང་བོ་ཡོད་པ་རེད། དེ་ནི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ་ལོ་ངོ་སྟོང་ཕྲག་ལྷག་གི་རིང་དུ་སའི་གོ་ལའི་ས་གནས་སོ་སོར་འཚོ་གནས་བྱས་པའི་ཕ་མེས་ཡང་མེས་རྣམས་ཀྱིས་རང་བྱུང་ཁོར་ཡུག་དང་འཐབ་རྩོད་བྱས་ཤིང་ཐོན་སྐྱེད་འཚོ་བའི་བརྒྱུད་རིམ་ཁྲོད་དུ་རིམ་བཞིན་ཆགས་པ་ཞིག་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1