གཙོ་ངོས།>> དམངས་སྲོལ།>>བཤད་པ།

རྩོམ་སྒྲིག་པ། ཏིང་བཀྲས་བསྒྲིགས།ཡོང་ཁུངས། ངེད་དྲ་བ། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༥ཚེས་༡༨ཉིན།

༄༅། །དགོད་གཏམ་ཚན་པ་བཞི།

༄༅། །རླངས་འཁོར་གྱི་རྗེས་སུ་རྒྱུག་པ།

མགྲོན་པོ་གང་ཡོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་གི་རྗེས་ན་མི་གཟུགས་ཐུང་ཞིག་རླངས་འཁོར་གྱི་རྗེས་ལ་རྒྱུག་བཞིན་ཡོད། རླངས་འཁོར་ཐུར་ལམ་ཞིག་ཏུ་བསླེབས་ཏེ་ཇེ་མགྱོགས་སུ་སོང་བ་ན། རླངས་འཁོར་ནང་གི་མགྲོན་པོ་ཞིག་གིས་སྒེའུ་ཁུང་ལས་ཕྱིར་བུད་དེ་རླངས་འཁོར་གྱི་རྗེས་སྙེགས་མཁན་དེར་ད་ཁྱོད་རང་མ་བརྒྱུག ཁྱོད་རང་རླངས་འཁོར་གྱི་རྗེས་ཆོད་ནི་མ་རེད་ཅེས་བཤད་པ་ན། མི་དེས་དབུགས་ཧལ་ཞོར་དུ་ང་རང་ངེས་པར་དུ་རྗེས་ལ་ཆོད་དགོས། ང་རང་རླངས་འཁོར་འདིའི་ཁ་ལོ་པ་ཡིན་པ……ཞེས་བཤད་དོ། །
༄༅། །ཁྱོད་ལས་ཅན་ཞིག་རེད།
བློ་ལྡན་གྱིས་སྦག་སྦག་འཁོར་ལོ་ཞིག་བསྐོར་ཏེ་སྨྱོ་རྒྱུག་བྱེད་སྐབས། བཞི་མདོ་ཞིག་ཏུ་གཟུར་དབང་མ་བྱིན་པར་མི་ཞིག་ཐང་ལ་བསྒྱེལ་བྱུང་། བློ་ལྡན་གྱིས་མི་དེ་སྐྱོར་ཞོར་དུ་སྐུ་ཞབས་ལགས། ཁྱོད་རང་ངོ་མ་མི་ལས་ཅན་ཞིག་རེད། དེ་རིང་མ་གཏོགས་ངས་འཁོར་ལོ་བརྒྱད་ཅན་གྱི་རླངས་འཁོར་ཆེན་པོ་ཞིག་སྐོར་མ་མྱངས་ཅེས་བཤད་དོ། །

༄༅། །བརྗེད་སླ་བ།

ནད་པ་ཞིག་གིས་སྨན་པ། ཉེ་ཆར་ངའི་ཡིད་འཛིན་ཉིན་རེ་ནས་ཉིན་རེར་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ཅེས་པ་ན། སྨན་པས་ཁྱོད་ཀྱིས་རང་གི་ཡིད་འཛིན་ཇེ་སྡུག་ཏུ་འགྲོ་བཞིན་པའི་ཚུལ་དེར་དཔེ་གསོན་པོ་ཞིག་འཇོག་ཐུབ་བམ་ཞེས་དྲིས། ནད་པས་དཔེར་ན། ང་རང་རླངས་འཁོར་ལ་འདུག་སྐབས་ནམ་ཡིན་ཡང་པ་སེ་ཉོ་རྒྱུ་བརྗེད་འགྲོ་བ་དང་། ཟ་ཁང་ལ་སོང་ཚེ་ཟས་རིན་སྟེར་རྒྱུ་བརྗེད་འགྲོ་ཞེས་བཤད། སྨན་པས་རེད། དེ་ན་ཁྱོད་ཀྱིས་ཐོག་མར་ངའི་སྨན་རིན་ང་ལ་སྤྲོད་དང་ད་གཟོད་ངས་ཁྱོད་ལ་སྨན་བཅོས་བྱ་ཞེས་བཤད་དོ། །

༄༅། །མེས་རྒྱལ།

སློབ་ཁྲིད་སྐབས་སུ་དགེ་རྒན་གྱིས་བློ་གྲོས། མེས་རྒྱལ་ཞེས་པར་གོ་བ་ཇི་ལྟར་ལེན་དགོས་ཞེས་དྲིས་མ་ཐག བློ་གྲོས་མྱུར་མོར་ཡར་ལངས་ཏེ་རྒན་ལགས། མེས་རྒྱལ་ཞེས་པ་དེར་རང་གི་ཨ་མ་ལྟ་བུར་གོ་བ་ལེན་དགོས་ཞེས་ལན་བཏབ། སྐབས་དེར་དགེ་རྒན་གྱིས་ཁྱོད་ཀྱིས་ལན་བཏབ་པ་ཤིན་ཏུ་འགྲིག་ཅེས་བསྟོད་པ་བྱེད་ཞོར་དུ། ཡང་བསྐྱར་སློབ་གྲོགས་བཀྲ་ཤིས་ལ་དྲི་བ་དེ་བཏོན་ཏེ་ལན་འདེབས་སུ་བཅུག སློབ་གྲོགས་བཀྲ་ཤིས་ཀྱང་མྱུར་མོར་ཡར་ལངས་ཏེ་རྒན་ལགས། མེས་རྒྱལ་ཞེས་པ་དེ་བློ་གྲོས་ཀྱི་ཨ་མར་གོ་བ་ལེན་དགོས་ཞེས་ལན་བཏབ་བོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1