བོད་ལྗོངས་ཀྱི་ཆེད་ལས་ལག་རྩེད་སྤོ་ལོའི་རུ་ཁག་ཐོག་མ་བཙུགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-19


 

དཔྱད་གཞིའི་པར་རིས།

        ལྷ་ས་གྲོང་ཁྱེར་སློབ་གསོ་ལུས་རྩལ་ཅུས་ཀྱིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། བོད་ལྗོངས་ཀྱི་ཆེད་ལས་ལག་རྩེད་སྤོ་ལོའི་རུ་ཁག་ཐོག་མ་སྟེ་ལྷ་སའི་ས་གཙང་རུ་ཁག་ཉེ་ཆར་དངོས་སུ་བཙུགས་པ་དང་བོད་ལྗོངས་ལ་ཆེད་ལས་ལག་རྩེད་སྤོ་ལོའི་རུ་ཁག་མེད་པའི་སྟོང་ཆ་བསྐངས་ཡོད། ལྷ་སའི་ས་གཙང་རུ་ཁག་གི་འགྲན་ར་གཙོ་བོའི་ས་བབ་མཐོ་ཚད་ལ་སྨི་3646ཡོད་པས། རྒྱལ་ནང་གི་ས་བབ་མཐོ་ཤོས་ཀྱི་འགྲན་ར་ཞིག་ཏུ་གྱུར་ཡོད།

       ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ལྷ་སའི་ས་གཙང་རུ་ཁག་གི་རུ་མི་14ཡི་མིང་ཐོ་དེ་ཀྲུང་གོའི་ལག་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་དྲ་བའི་ཐོག་ཁྱབ་བསྒྲགས་བྱས་པའི་རྒྱལ་ཡོངས་སྐྱེས་པའི་ལག་རྩེད་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར་(NBL)གྱི་ལུས་རྩལ་པའི་ཐོབ་ཐང་སྤྱི་བསྒྲགས་ནང་ཐོན་ཡོད་པ་དང་། ཁག་སོ་སོ་ནི་ཧན་ཏང་ཅན་དང་བློ་བཟང་རྡོ་རྗེ། ཉི་ཆིང་ཆིང་། ཅུས་ཀྲན་ཅི། རིན་ཆེན་ཆོས་གྲགས་སོགས་ཡིན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1